དབུ་ཤོག
  • ནག་ཆུས“དམ་འཛིན་བཞིའི”བྱེད་ཐབས་གསར་གཏོད་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-05

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“དམ་འཛིན་བཞིའི”བྱེད་ཐབས་དམ་འཛིན་བྱ་གཞིར་བྱས་ཏེ་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། དཔུང་ཁག་གི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ། དམངས་ཕྱུག་གི་སྒུལ་ནུས་འཕེལ་བར་བྱེད་པ། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ནུས་པ་ཆེ་རུ་བཏང་ཞིང་། གྲོང་གསེབ་ཀྱི་ཐོན་ལས་དང་། གྲོང་གསེབ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པའི་གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་བྱེད་པ་ཤང་དང་གྲོང་རྡལ་དུ་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་བར་གནད་སྨིན་འདེམས་གཏོང་བྱེད་པ་དང་ཆབས་ཅིག གྲོང་ཚོའི་ལས་བྱེད་པ་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པའི་ཁྲོད་ནས་ས་གནས་དེ་གའི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་ལས་ཀའི་ཉམས་མྱོང་ལྡན་པའི་ལས་བྱེད་པ་གདམ་ནས་ཤང་དང་གྲོང་རྡལ་གྱི་སྟོབས་ཤུགས་ཆེ་རུ་བཏང་ཡོད།

    ལོ་ལྟར་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་རྫོང་ཐད་གཏོགས་ཚན་པ་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་བདམས་ཏེ། ཤང་དང་གྲོང་རྡལ་114ལ་མངགས་ནས་གྲོང་གསེབ་དར་རྒྱས་ཀྱི་མཛུབ་ཁྲིད་པའི་འགན་ཁུར་དུ་བཅུག་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཤང་དང་གྲོང་རྡལ་གྱི་སྤྱི་ཡོངས་ཀྱི་ནུས་པ་མུ་མཐུད་ཆེ་རུ་བཏང་བ་རེད།

    དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་གྱིས་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཤིང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ལོ་ལྔ་བསྟུད་མར་གྲོང་ཚོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་ཀྲེ་ཅང་དང་། ཧྲའན་ཤིས། ལེའོ་ཉིང་སོགས་སུ་སྤེལ་རེས་སློབ་སྦྱོང་ལ་མངཌ་པ་དང་། “ལས་གནས་སུ་མ་ཞུགས་གོང་གི་ཡོངས་ཁྱབ་གསོ་སྦྱོང་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་གསོ་སྦྱོང་། ལྗོངས་ཕྱིའི་གསབ་སྦྱོང་བཅས་ཟུང་དུ་འབྲེལ་བའི”མ་ལག་བཙུགས་ནས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། གྲོང་ཚོའི་ལས་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ། ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ཀྱི་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་རྗེས་གྲབས་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད།

    གྲོང་ཚོ་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཕྱུག་པོ་ཆཌ་པར་དམ་འཛིན་གྱིས་སྒུལ་ནུས་འཕེལ་བར་བྱས་ཤིང་། ནོར་སྲིད་ཀྱི་རོགས་སྐྱོར་ལམ་སྲོལ་བཙུགས་པ་དང་། 2021ལོ་ཚུན་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.64བཏང་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་286ལ་རྒྱབ་སྐྱོར་བྱས་པ་དང་མཉམ་སྡེབ་དཔལ་འབྱོར་རིམ་པ་མང་བ་དང་སྣ་ཁ་མང་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། “གྲོང་ཚོ་བསྒྲལ་ནས་མཉམ་འབྲེལ་དང་ཁྱུ་སྒྲིག་འཕེལ་རྒྱས་གཏོང་བའི”བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཉམས་ཞན་གྲོང་ཚོ་ཐོན་ལས་མཉམ་འབྲེལ་གྲོང་ཚོར་བསྡུ་སྒྲིལ་གྱིས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་བ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། 2024ལོར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་དུང་ཕྱུར་1.02ཟིན་པ་དེ་དུས་མཚུངས་ལས་51%འཕར་བ་དང་། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པའང་ཆེ་རུ་བཏང་ཡོད།

    གྲོང་གསེབ་བཅོས་སྐྱོང་མཁས་པོ་བྱེད་པར་དམ་འཛིན་གྱིས་ཕན་ནུས་ཆེ་རུ་བཏང་ཞིང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུཌ་པ་དང་། “ཁྲོམ་གཞུང་གི་ལས་དོན་ཨུ་ལྷན་ཆེན་མོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་མོ། དྲ་མིག་ཏང་ཀྲི་པུའུ། སྟར་པའི་ཏང་གི་ཚོགས་ཆུང་། ཏང་ཡོན་ལྟེ་བའི་དུད་ཚང”བཅས་རིམ་ལྔའི་རྩ་འཛུཌ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་དོ་དམ་ལེགས་སུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་ལས་དོན་ནུས་ཆེའི་ངང་བསྒྲུབས་ཡོད། མ་དངུལ་སྒོར་དུང་ཕྱུར་22.07བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་1252འཛུགས་སྐྲུན་ཚད་ལྡན་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།