དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ནི་རང་རྒྱལ་དུ་ལས་འགོ་བཙུགས་ནས་སྐྲུན་བཞིན་པའི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་དང་པོ་དེ་ཡིན་ཞིང་། དུས་ཐེངས་གཉིས་པའི་རྣམ་གྲངས་ཧའེ་ནན་ཞིང་ཆེན་ཝུན་ཁྲང་གྲོང་ཁྱེར་གྲོང་ཤར་གྲོང་རྡལ་དུ་ཡོད་པ་དང་། གཙོ་བོ་འཕེན་གཏོང་བྱེད་ས་གསུམ་པ་དང་བཞི་པ། སྣུམ་བླུག་མཛོད་ཁུལ། མེ་ཤུགས་འཕུར་མདའི་བཟོ་ཁང་། སྲུང་སྐར་བཟོ་ཁང་། ཚོད་སྙོམས་ས་ཚིགས་སོགས་བསྐྲུན་རྒྱུ་ཡིན་པ་དང་། དེར་རྒྱ་ཁྱོན་མུའུ་1100ལྷག་ཙམ་ཡོད་པ་རེད། དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་ཟིན་རྗེས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་གི་ནུས་པ་ཆེ་རུ་སོང་ནས“འཇིག་རྟེན་འཕུར་སྐྱོད་+”ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད།

    འདི་ནི་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བའི་དུས་ཐེངས་གཉིས་པའི་རྣམ་གྲངས་ཡིན་པ་དང་། རྒྱང་རིང་དུ་མཐོང་བ་ནི་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ(དུས་ཐེངས་དང་པོ)དང་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།