གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་བླངས་ནས་བདེ་སྐྱིད་འཚོ་བར་རོལ་བ།
འདི་ནི་སྣེ་གདོང་ཆུས་ཀྱི་བཤིག་སྤོ་བཀོད་སྒྲིག་ཁུལ་གྱི་མང་ཚོགས་དུད་ཚང་59ལ་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་རག་པ།
ཉེ་དུས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ལྕང་གསར་བཀྲ་ཤིས་ཁུལ་ཆུང་གི་དུད་ཚང་59ལ་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་རག་པ་རེད། ལྕང་གསར་བཀྲ་ཤིས་ཁུལ་ཆུང་ནི་བཤིག་སྤོ་བཀོད་སྒྲིག་ཁུལ་ཞིག་ཡིན་པ་དང་ཁྱོན་དུད་ཚང་112ཡོད་པ་དེ་དག་སྣེ་གདོང་ཆུས་ཀྱི་ཁྲོམ་གཞུང་ཁག་ནས་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། མེ་འཁོར་འབབ་ཚུགས་དང་། ཚོང་ལས་ཁྲོམ་གཞུང་། སྤྱི་གླིང་བཅས་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པ་ལས་སྣེ་གདོང་ཆུས་ཀྱི་གྲོང་ཁྱེར་གྱི་བྱེད་ནུས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཞིང་འབྲོག་པ་ཚོ་རིམ་གྱིས་གྲོང་མི་གསར་པར་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།