དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐབ་ཆུང་ཡང་མེ་ཚ། མི་ཉུང་ཡང་མཁོ་ཆེ།

    ——གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གིས་དམངས་ཀྱི་དོན་དུ་བྱ་བ་ཆུང་ཙག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ལག་འཁྱེར་གཉེར་ཁང་དུ་ཧ་ལས་ཧང་སངས་པའི་གྱོད་གཞི་ཆེན་པོ་དང་གནད་འགག་ཆེ་བའི་གྱོད་གཞི་མེད་ཀྱང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བྱ་བ་ཆུང་ངུ་མང་པོ་ཡོད།

    དཀའ་བའི་དུས་སུ་འགན་འཁྲི་དང་དུ་བླངས། མང་ཚོགས་དོན་དུ་དཀའ་གནད་ལེགས་པར་བསལ།

    ལོ་མང་རིང་ཐོ་འགོད་སྟངས་ནོར་བའམ་ལུས་པ་སོགས་ཀྱི་གནད་དོན་དབང་གིས་འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་74ཡི་ཐེམ་ཐོའི་དེབ་ངོས་ཀྱི་མི་རིགས་ཆ་ཤས་དེ་བྲིས་ནོར་ཤོར་ཡོད། ནོར་འཁྲུལ་དེའི་དབང་གིས་དངུལ་ཁང་གཱ་དང་སྤྱི་ཚོགས་འགན་སྲུང་གཱ་གཉེར་བ་དང་། སློབ་མའི་ཡིག་རྒྱུགས་ཀྱི་སྐར་མ་སྣོན་པ། སྨན་བཅོས་ཀྱི་འགྲོ་ལུགས་གཉེར་བ་སོགས་ཀྱི་ཐད་མང་ཚོགས་ལ་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད།

    མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱས་རྗེས་མྱུར་དུ་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཤིང་། ཁོང་ཚོས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ལག་འཁྱེར་གཉེར་སའི་སྡེ་ཚན་དང་རང་འགུལ་ངང་འབྲེལ་བ་བྱས་ནས་སྤེལ་རེས་དང་མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། གནད་དོན་དེ་རྩ་བ་ནས་ཐག་གཅོད་ཡག་པོ་ཐུབ་སྟེ་མང་ཚོགས་74ཡི་སེམས་ཁྲལ་བདེ་བླག་ངང་བསལ་བ་རེད། མང་ཚོགས་ཀྱི་དཀའ་གནད་བསལ་བས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སེམས་འགུལ་ཚད་མེད་ཐེབས་ཏེ་མངགས་གཏོང་ཁང་ལ་གོས་དར་7སྤྲད་པ་རེད།

    བརྩེ་བ་ཟབ་མོས་བྱ་བ་ཞིབ་ཚགས་སྒྲུབ། སྙིང་ཉེའི་ཞབས་ཞུས་མི་སེམས་དྲོ་བར་བྱས།

    དཀའ་གནད་ཆེན་པོ་ཐག་གཅོད་བྱས་པ་དང་དུས་མཚུངས་འདྲེན་ཐང་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པས་ཀྱང་ཉིན་རེའི་ལས་དོན་ཁྲོད་ཀྱི་བྱ་བ་ཆུང་ཙག་ལ་སྣང་ཆུང་གཏན་ནས་བྱེད་ཀྱི་མེད།

    མི་དམངས་ཉེན་རྟོག་པ་ཁྲེན་གོ་ཡུན་ལ་བགྲེས་སོང་དམིགས་བསལ་ཞིག་ཐུག བགྲེས་སོང་ཁོང་གི་ལག་གཉིས་པོ་འཚིག་རྨས་ཤུགས་ཆེན་ཤོར་ནས་མཛུབ་རིས་ཀྱང་སྤྱིར་ན་མཐོང་རྒྱུ་མེད་སྟབས། ཆ་འཕྲིན་འཚོལ་བསྡུའི་མ་ལག་གིས་གཏན་ནས་དབྱེ་འབྱེད་ཐུབ་ཀྱི་མེད། གནས་ཚུལ་དེར་གཞིགས་ནས་ཁྲེན་གོ་ཡུན་གྱིས་ཉིན་གསུམ་བསྟུད་མར་ངང་རྒྱུད་རིང་པོས་བགྲེས་སོང་ལ་ཆུ་དྲོད་འཇམ་ནང་ལག་པ་སྦངས་ནས་ཤ་གསོས་བྱུགས་ཏེ་བགྲེས་སོང་གི་མཛུབ་རིས་གསལ་གང་ཐུབ་བྱས་མཐར་མཛུབ་རིས་ཀྱི་ཆ་འཕྲིན་བདེ་བླག་ངང་འཚོལ་བསྡུ་ཐུབ་ནས་བགྲེས་སོང་གི་ཐོབ་ཐང་ལག་འཁྱེར་བདེ་བླག་ངང་གཉེར་ཐུབ་ཡོད།

    ཕྱིས་སུ་བགྲེས་སོང་གི་ནང་མིས་ཆེད་དུ་མངགས་གཏོང་ཁང་ལ“མི་དམངས་དོན་དུ་ཞབས་འདེགས་ཧུར་ཐག་ཞུ། ལྷག་བསམ་དཀར་པོས་དམངས་ཀྱི་དཀའ་གནད་སེལ”ཞེས་པའི་གོས་དར་སྤྲད་ཡོད། དེ་ནི་མི་དམངས་ཉེན་རྟོག་པའི་ཆེད་ལས་དང་ངང་རྒྱུད་རིང་པོར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད་ལ། མངགས་གཏོང་ཁང་གིས“ལྷག་བསམ་དཀར་པོས་དམངས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་ཀྱང་མངོན་ཡོད།

    དཀའ་ཉེན་དུས་སུ་འགན་སེམས་ཆེན་པོ་བཅངས། ཚེ་སྲོག་བསྐྱབས་པར་བསྔགས་བརྗོད་ཆེན་པོ་ཐོབ།

    ཐེངས་ཤིག་ཕྲུ་གུ་དམར་འབྱར་གྱི་ཐེམ་ཐོའི་འགྲོ་ལུགས་གཉེར་སྐབས་ཚོམས་ཆེན་དུ་ཛ་དྲག་གི་གནས་ཚུལ་ཞིག་གློ་བུར་དུ་ཐོན། ཨ་མ་ཞིག་གི་པང་ཁར་ཕྲུ་གུ་དམར་འབྱར་ཞིག་ཉར་ཡོད་པ་དང་། པ་ཕའི་པང་དུ་ལོ་གཉིས་ལྷག་ཙམ་ལ་སླེབས་པའི་བུ་མོ་ཞིག་ཉར་ཡོད། སྐབས་དེར་བྱི་རིལ་ཟ་བཞིན་པའི་བུ་མོ་དེའི་ལུས་པོ་འདར་ནས་ངོ་གདོང་ཡང་དམར་རྐྱང་དུ་གྱུར། མི་དམངས་ཉེན་རྟོག་པ་ཁྲེན་གོ་ཡུན་གྱིས་དེ་ནི་བྱི་རིལ་གྱིས་མིད་པ་འགག་པ་ཤེས།

    ཉེན་ཁ་ཤིན་ཏུ་ཆེ་བའི་དུས་དེར་ཁྲེན་གོ་ཡུན་གྱིས་བུ་མོའི་གྲོད་ཁོག་བཙིར་ནས་སྐྱོབ་ཐབས་བྱས། མཐར་ཁོང་གི་བྱང་ཆ་དོད་པའི་ཚེ་སྲོག་སྐྱོབ་ཐབས་ལས་བུ་མོ་ཆུང་ཆུང་དེ་སྲོག་ཉེན་ལས་ཐར།

    དེ་རྗེས་བཟའ་ཚོ་གཉིས་པོས་གདོང་ལེན་ལས་གནས་ཀྱི་བསམ་འཆར་གྱང་ངོས་སུ་མཛུབ་ཐེལ་དམར་པོ་བརྒྱབ་ནས་ཐུགས་རྗེ་ཞུ་ལུགས་མཚོན་པར་བྱས་པ་མ་ཟད། ད་དུང“བརྩེ་བ་དམངས་ལ་བཅངས། དམངས་ཀྱི་སེམས་ཁྲལ་བསལ”ཞེས་བྲིས་པའི་གོས་དར་སྤྲད་པ་རེད།

    འདི་ལོ་ནས་བཟུང་། མངགས་གཏོང་ཁང་དེའི་ཐེམ་ཐོ་སྒྲུབ་གཉེར་ཁང་གིས་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ཐག་རིང་ས་ཁུལ་གྱི་མང་ཚོགས་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ཏེ“ཁ་ཆད་བྱས་ནས་སྒོ་རྩར་གཉེར་བ”དང་། “དུས་འགྱངས་ཞབས་འདེགས་ཞུ་བ”“ཚབ་སྒྲུབ་ཚབ་གཉེར”སོགས་ཀྱི་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། མིག་སྔའི་བར་རིམ་རྩིས་བརྒྱབ་ན། སྒོ་རྩར་བསྐྱོད་ནས་ལས་སྒོ་ཁག་37གཉེར་རོགས་བྱས་པར་མང་ཚོགས་ཀྱིས་གོས་དར་6སྤྲད་ཡོད། གྲངས་གཞི་དེ་དག་ནི་ཡར་རྒྱུག་མར་རྒྱུག་ཐེངས་མང་དང་ཉིན་མཚན་མང་པོ་བརྟན་སྲུང་བྱས་པའི་འབྲས་བུ་རེད་ལ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྔ་བར་ཕྱི་གསུམ་དུ་མང་ཚོགས་སེམས་དབུས་སུ་བཞག་པའི་མཚོན་ཚུལ་ངོ་མ་དེ་བས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།