བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ལྗོངས་སློབ་གསོ་ཐིང་དང་མཉམ་འབྲེལ་ཐོག
2025ལོའི་སྟོན་དུས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཡོངས་བསྒྲགས་སློབ་ཚན་ལྟ་ཉན་བྱས་པ།
སློབ་གསོ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱི《2025ལོའི་སྟོན་དུས་ཀྱི་རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་མེ་ཟོན་བདེ་འཇགས་ཀྱི་ཡོངས་བསྒྲགས་སློབ་ཚན་ལྟ་ཉན་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་མཉམ་འབྲེལ་ཐོག་སློབ་གྲྭ་འབྲིང་ཆུང་900ལྷག་ཙམ་གྱི་སློབ་མ་དང་དགེ་རྒན་ལས་བཟོ་ཁྲི་63ལྷག་ཙམ་2025ལོའི་སྟོན་དུས་ཀྱི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་མེ་ཟོན་བདེ་འཇགས་ཀྱི་ཡོངས་བསྒྲགས་སློབ་ཚན་གྱི་དྲ་རྒྱའི་ཐད་གཏོང་ལྟ་ཉན་སྒྲིག་འཛུགས་དང་སྐུལ་སློང་བྱས་པ་རེད།
ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་དང་ལེན་ཧུར་ཐག་ཞུས་པ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་དྲ་རྒྱའི་ཐད་གཏོང་བྱེད་སྟངས་བརྒྱུད། རྒྱ་ཆེའི་དགེ་སློབ་ཚོས་སློབ་ཁང་དང་ཚོགས་ཁང་སོགས་སུ་ཡོངས་བསྒྲགས་སློབ་ཚན་མཉམ་དུ་བལྟས་པ་རེད། སློབ་ཚན་ནང་ཡུལ་རྣམ་འདྲ་བཟོ་དང་། འགུལ་རིས་འགྲེམས་སྟོན། གྱོད་དཔེ་དབྱེ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད། ལྐོག་འགྱུར་གྱི་མེ་ཟོན་ཤེས་བྱ་དག་གསོན་ཉམས་དོད་ལ་གོ་སླ་བའི་ལག་ལེན་ཕྱོགས་སྟོན་དུ་བསྒྱུར་བ་མ་ཟད། སྐབས་བསྟུན་དྲིས་ལན་གྱི་ལྷུ་ཚིགས་བཀོད་སྒྲིག་གིས་སློབ་མས་བཏོན་པའི་དྲི་བར་ལན་ཞིབ་ཕྲ་བརྒྱབ་སྟེ་སློབ་སྦྱོང་ལ་ཞུགས་པའི་མྱོང་ཚོར་ཟབ་ཏུ་ནུས་ལྡན་བཏང་ཡོད། དྲ་རྒྱའི་ཐད་གཏོང་ལ་ལྟ་བའི་བརྒྱུད་རིམ་ནང་དགེ་སློབ་ཚོས་ནན་ཏན་གྱིས་ཉན་པ་དང་སྤེལ་རེས་ཧུར་ཐག་བྱས་པས་ཕན་ཐོགས་ཧ་ཅང་ཆེན་པོ་ཐོབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།