ལྷོ་ཁ་གྲོང་ཁྱེར་གྱིས།
ཨར་སྐྲུན་ལས་རིགས་ཀྱི་ཨར་ལས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་པོ་བསྐྲུན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཨར་སྐྲུན་ཁེ་ལས་དང་སྐྲུན་བཞིན་པའི་རྣམ་གྲངས་ཚབ་སྐྲུན་དང་། ཨར་སྐྲུན། ལྟ་འདོམས་ཚན་པ་བཅས་ཀྱི་འགན་འཁུར་བ་གཙོ་བོ་སྒྲིག་འཛུགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཤིང་། དེའི་དམིགས་ཡུལ་ནི་བདེ་འཇགས་ཐོན་སྐྱེད་དང་ཡ་རབས་ཨར་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དུས་བདེ་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་གཏོད་རྒྱུ་དེ་རེད།
གསོ་སྦྱོང་བྱ་ཡུལ་དུ་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་ཀྱི་ཡིག་ཆའི་དགོངས་དོན་གཅིག་སྡུད་ཐོག་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི“བྱ་ཐབས་ནན་པོ་ལྔ”དང་སྡོད་ཁང་གྲོང་དོན་ལས་གྲྭའི“བྱ་ཐབས་ནན་པོ་གཉིས”དྲིལ་བསྒྲགས་བྱེད་པ། ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོའི“འགན་འཁྲི་ཨང་དང་པོའི”ཁྲིམས་བཀོད་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་རེད།
དེ་དང་ཆབས་ཅིག་གསོ་སྦྱོང་ལ་ཞུགས་མཁན་སྒྲིག་འཛུགས་བྱས་ནས《སྲོག་རྩ། འཕྲལ་སྡོམ་དུས》དང《ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འཚོལ་བ》ཞེས་པ་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་བརྡའི་སློབ་གསོའི་གློག་བརྙན་བལྟས་པ་དང་། ལས་འཛོལ་ངོ་མའི་གྱོད་དཔེར་དབྱེ་ཞིབ་དང་མངོན་མེད་རྐྱེན་ངན་གྱི་རྣམ་པ་འདྲ་བཟོ་བྱེད་པ་བརྒྱུད། གྱོད་གཞིར་བརྟེན་ནས་བསླབ་བྱ་དང་ལེན་དང་གྱོད་གཞིར་བརྟེན་ནས་ཉེན་བརྡ་བཏང་སྟེ་སྒྲིག་འགལ་ལས་སྒྲུབ་དང་འགན་འཁྲི་མི་འདང་བའི་མཇུག་འབྲས་ཚབས་ཆེན་དམར་འདོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།