ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་རྟ་ཐོག་དྲིལ་བསྒྲགས་རུ་ཁག་གིས།
མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ།
འདི་ནི་མེ་ཟོན་དྲིལ་བསྒྲགས་པས་རྟ་རྒྱུག་དུས་ཆེན་གཉེར་ཡུལ་གྱི་གུར་ཕུབ་སར་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་འགྲེལ་བཤད་རྒྱག་བཞིན་པ།
འདི་ནི“རྟ་ཐོག་མེ་གསོད་དྲིལ་བསྒྲགས་ཞབས་ཞུ་རུ་ཁག”གིས་གུར་ཕུབ་ས་དང་ཚོང་དུད་ཁུལ་དུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་སྤེལ་བཞིན་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་ཡངས་ཤིང་རྒྱ་ཆེ་བའི་རྟ་རྒྱུག་ཐང་དུ་དམིགས་བསལ་གྱི“རྟ་ཐོག་མེ་གསོད་དྲིལ་བསྒྲགས་ཞབས་ཞུ་རུ་ཁག”ཅིག་བཀྲག་མདངས་འཚེར་སར་གྱུར་ཡོད། 2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་རིང་གི་མེ་ཟོན་བདེ་འཇགས་འགན་ལེན་བྱ་ཆེད། ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ་ནག་ཆུ་གྲོང་ཁྱེར་རྟ་རྩལ་མཐུན་ཚོགས་ཀྱི་ལས་དོན་པ་དང་མེ་ཟོན་དང་བླངས་པས་རྟ་བཞོན་ནས་མཉམ་དུ་འབྲོག་པའི་སྦྲ་གུར་ཕུབ་ས་དང་འགྲན་བསྡུར་བྱ་ཡུལ་དུ་བསྐྱོད་དེ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཉེ་འགྲམ་དུ་དྲིལ་བསྒྲགས་བྱས་པ་རེད།
རྟ་རྒྱུག་དུས་ཆེན་ལ་ཞུགས་མཁན་མང་ཚོགས་མང་བ་དང་། བྱེད་སྒོ་སྤེལ་ཡུལ་རྒྱ་ཆེ་བ། སྦྲ་གུར་ཕུབ་ས་གཅིག་སྡུད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་དྲིལ་བསྒྲགས་སློབ་སྟོན་པ་དང་དྲིལ་བསྒྲགས་ཞབས་ཞུ་རུ་ཁག་གིས་རྐང་འཁོར་བཞོན་ནས་སྐྱོད་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་འབྲོག་ཁུལ་གྱི་མེ་སྐྱོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་སྦྲ་གུར་ནང་མེ་དང་གློག་གི་བདེ་འཇགས་དང་། རྩྭ་ཐང་དུ་མེ་སྐྱོན་ཐོན་མ་ཐག་པའི་སྐབས་ཀྱི་མེ་གསོད་སྟངས། དེ་བཞིན་ཁ་འགྲེམས་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་གཙོ་གནད་ཐོག་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།