དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས།

    བྱེད་སྟངས་གསར་པར་བརྟེན་ནས་རུ་ཁག་དེའི་འཐབ་ནུས་གསར་མ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-03

    ཉེ་བའི་ལོ་ཤས་རིང་། སྟག་རྩེ་ཆུས་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས“ཏང་འཛུགས་སྐྱོང་+”ཀྱི་བྱེད་སྟངས་གསར་པ་མཐའ་འཁྱོངས་བྱས་ཐོག ཏང་འཛུགས་སྐྱོང་གི་ལས་དོན་དེ་མེ་ཟོན་ལྟ་སྐུལ་ཞིབ་བཤེར་དང་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་རུ་ཁག་འཛུགས་སྐྱོང་ལ་བརྟེན་ནས་རྨང་གཞི་སྟོབས་ཆེར་བཏང་སྟེ། རུ་ཁག་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ནས་རུ་ཁག་དེའི་འཐབ་ནུས་གསར་མ་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རུ་ཆེན་དེས་རང་འགུལ་ངང་ཏང་འཛུགས་སྐྱོང་ལས་དོན་གྱི་མཐོང་རྒྱ་ཆེ་རུ་བཏང་ནས་ཁོངས་གཏོགས་དེའི་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་22དང་མཉམ་དུ་ཏང་ཀྲི་པུའི་མཉམ་སྦྱོང་མཉམ་སྐྲུན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཕན་ཚུན་དབར་ཏང་ཡོན་མངགས་ནས་ས་གནས་ས་ཐོག་ཏུ་ལྟ་སྐོར་སློབ་སྦྱོང་། ཆེད་དོན་ཏང་གི་སློབ་ཚན་འཆད་ཁྲིད། མཉམ་འབྲེལ་ནང་སྦྱོང་སོགས་སྤེལ་བ་མ་ཟད། ད་དུང་དུས་བཀག་ལྟར་མཉམ་འབྲེལ་གྲོས་ཚོགས་འཚོགས་ཏེ་གྲོང་གསེབ་ཀྱི་མེ་ཟོན་བདེ་འཇགས་ཐད་ཀྱི་གནད་དོན་གསར་པར་མཉམ་དུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་ཡོད་པ་རེད། མཉམ་འབྲེལ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་རྒྱུན་རྣམ་ཅན་གྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག སྟག་རྩེ་ཆུས་ཨུད་ཀྱི་ཏང་གི་སློབ་གྲྭ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་མཉམ་ལས་སྒྲོམ་གཞི་ཁ་གསལ་བཟོས་ཐོག མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་བྱ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་ནང་བཅུག་ནས། ཏང་ཡོན་ལས་བྱེད་པའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

    རུ་ཆེན་དེས་ཏང་ཡོན་གྱི་གདོང་ལེན་ནུས་པ་བཏོན་ནས་ཏང་ཡོན་གྱི་འགན་འཁྲིའི་ཁུལ་དང་ཏང་ཡོན་གྱི་དཔེ་སྟོན་ལས་གནས་བཏོད་དེ་ཏང་གི་དར་ཆ་བཀོད་འཐབ་པའི་སེམས་སུ་དངོས་འབྲེལ་ལྷབ་ལྷུབ་གཡོ་ཐུབ་པར་བྱས་པ་རེད། རུ་མི་སྒྲིག་འཛུགས་བྱས་ནས་ཆུ་ཁོངས་རོགས་སྐྱོབ་དང་། བདེ་སྲུང་བ། འགག་སྒྲོལ་ཚོགས་ཆུང་གསོ་སྦྱོང་སོགས་ལ་ཞུགས་སུ་བཅུག་པ་མ་ཟད། ད་དུང་རུ་མི་ཚོ་ལྗོངས་ཕྱི་རོལ་དུ་གསོ་སྦྱོང་ལ་བཏང་བས་དངོས་འཐབ་སྦྱོང་བརྡར་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།