“བསམ་འདུན་ཆུང་ངུར”བརྟེན་ནས“དམངས་འཚོ་ཆེན་པོ”གཉེར་བ།
—— ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་སྐོར་བཀོད་པ།

འདི་ནི་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་ཏང་དར་འོག་གི་དམ་བཅའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་གླུ་གཞས་འགྲན་བསྡུར་དང“བསམ་འདུན་ཆུང་ངུ་འགྲུབ་པའི”བྱེད་སྒོ་སྤེལ་བཞིན་པ།

འདི་ནི་སྐུ་འབུམ་ཐང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་ལས་ཁུངས་ལས་དོན་དོ་དམ་ཅུས་དང་མཉམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་8ལ་འབྲས་དང་། སྣུམ། གྲོ་ཞིབ་སོགས་འཚོ་བའི་དངོས་ཟོག་སྤྲོད་བཞིན་པ།
ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཏང་འཛུགས་སྐྱོང་གི་ཁྲིད་སྟོན་དང་། སྣ་མང་ཞུགས་པ། གནད་སྨིན་ཞབས་ཞུ”བཅས་གཙོ་རྐང་དུ་བྱས་ཏེ།“བསམ་འདུན་ཆུང་ངུ”དེ“ཏང་དར་འོག་གི་དམ་བཅའ”ལག་ལེན་བསྟར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། མང་ཚོགས་ཀྱི“དགོས་མཁོ་ཆུང་ངུར”དམིགས་ནས“དམངས་འཚོ་ཆེན་པོའི”ལེགས་གཏོང་ལ་སྐུལ་འདེད་བཏང་བས། ཏང་གི་དྲོ་སྐྱིད་དམངས་སེམས་ལ་ཐད་ཀར་ཚོར་བ་དང་གཞི་རིམ་བཅོས་སྐྱོང་ལ་མི་ཆོས་རིག་གནས་ཀྱི་དྲོ་སྐྱིད་ཀྱིས་ཁེངས་པར་བྱས་ཡོད།
མང་ཚོགས་ཀྱི་དགོས་མཁོར་གནད་སྨིན་དམ་འཛིན་བྱས་པ།
མང་ཚོགས་ཀྱི་དགོས་མཁོ་གནད་སྨིན་འབྲེལ་མཐུད་བྱེད་པ་ནི་ལྷུ་ཚིགས་ཨང་དང་པོ་ཡིན་ཞིང་། ཁྲེང་ཀོན་ཆུས་ཀྱིས“བསམ་འདུན་ས་བཀྲ”གསར་གཏོད་བྲིས་བཟོ་བྱས་ནས་མང་ཚོགས་ཀྱི་ཆེས་དོན་དངོས་དང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ལ་གནད་སྨིན་དམ་འཛིན་བྱེད་པའི་འགན་ལེན་བྱས་ཡོད།
ཉང་བྲན་ཁྲོམ་གཞུང་གིས“སྒོ་རྡུང་བྱ་སྤྱོད”ལ་བརྟེན་ནས“མ་མཐའི་འཚོ་བའི་འགན་ལེན་དང་། དབང་པོ་སྐྱོན་ཅན། ཚང་སྟོང་རྒན་རྒོན་ཚོགས་སྤྱི་བཅས་ཀྱི“ཁྱིམ་སྤྱོད་གློག་ཆས་ལ་ཉམས་གསོ”དང“རྐུབ་སྟེགས་འཁོར་ལོའི་དགོས་མཁོ”སོགས་ཀྱི་དཀའ་གནད་ཁག་87བསྡུ་རུབ་བྱས་པ། དོག་སྡེ་ཁྲོམ་གཞུང་གི་དྲ་མིག་པས་ཁེར་སྡོད་རྒན་རྒོན་གྱི་དགོས་མཁོ་ཟིན་ཐོར་བཀོད་པ་དང་དུས་མཚུངས། མི་ཧྲེང་རྒན་རྒོན་ལ་ཡོང་འབབ་བརྟན་པོ་མེད་པ་ཤེས་རྟོགས་བྱུང་ནས་ཡུན་རིང་རོགས་སྐྱོར་བྱེད་པར་རྨང་གཞི་བཏིང་ཡོད་པ་རེད།
“ཐང་ཆེན་ཚོགས་འདུ”དང“ཧྲུའུ་ཅིའི་གུང་ཇ”སོགས་རྒྱུན་རྣམ་ཅན་གྱི་དོན་གྲོས་ལམ་སྲོལ་དེ་མང་ཚོགས་ཀྱིས་རེ་འདུན་མཚོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཚལ་གུང་ཐང་ཁྲོམ་གཞུང་གིས་གྲོང་མིའི་གྲོས་མོལ་ཚོགས་འདུའི་ཐོག་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་གསུམ་གྱི“ཚན་རིག་ཁྱབ་གདལ་དཔེ་དེབ་ཆ་ཚང་ཞིག་དགོས་འདོད་པའི”བསམ་འདུན་བསྡུ་རུབ་བྱས་ནས་ཉིན་དེ་རང་ལ“བསམ་འདུན་ཆུང་ངུའི་གསལ་ཐོའི”ནང་བཅུག་པ་དང་ཆབས་ཅིག སྦྲེལ་མཐུད་ཀྱི་བརྒྱུད་རིམ་སྤེལ་འགོ་ཚུགས་པ་རེད།
རྔ་ཆེན་ཁྲོམ་གཞུང་གིས“རྩ་གཉིས་ཨང་རྟགས་ཐོག་ཐག་གཅོད”ཀྱི་བྱ་རིམ་ཆུང་གྲས་བཏོན་པས། གྲོང་མིས་ཨང་རྟགས་བཤེར་ན་རང་ཉིད་ཀྱི་བསམ་འདུན་འབུལ་ཐུབ་ཀྱི་ཡོད། གྲྭ་བཞི་ཁྲོམ་གཞུང་གིས“བསམ་འདུན་འབུལ་བ”ཞེས་པའི་སྤྱི་རྟགས་ནང་གི་ཆེད་བསྒྲིགས་ལེ་ཚན་དང་སྐད་འཕྲིན་ཚོགས་པ་བརྒྱུད་དགོས་མཁོ་སྟབས་བསྟུན་ངང་གསར་བརྗེས་བྱེད་ཀྱི་ཡོད། གཞན་ཡང“བསམ་འདུན་སྒམ”དང“ཏང་དང་མང་ཚོགས་ཀྱི་Vས་ཚིགས་ཀྱི་བསམ་འདུན་འབུལ་གནས”སོགས་དྲ་ཕྱིའི་ཐབས་ལམ་ནས་དུས་དང་རྣམ་པ་ཀུན་ཏུ་ལག་བྲིས་རེ་འདུན་དང་ལེན་བྱེད་ཀྱི་ཡོད།
ཕྱོགས་མང་མཉམ་འགུལ་གྱི“མཉམ་སྒྲོག་རོལ་དབྱངས”དཀྲོལ་བ།
ཁྲེང་ཀོན་ཆུས་ཀྱིས་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞབས་ཞུའི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། ཉང་བྲན་ཁྲོམ་གཞུང་གིས“ཏང་ཡོན་བརྒྱ་སྡེ་ཁུལ་དུ་སྐྱོད་པའི”བྱེད་སྒོ་སྤེལ་བ་དང་ཏང་ཡོན་270ལྷག་ཙམ་གྱིས“ཐག་ཉེ་ས་དང་སྟབས་བདེ་ས། ཁྱད་ཆོས་མཐུན་སྒྲིག”གི་བསམ་འདུན་ཁས་བླངས་ཏེ། སྦྱར་གཞི་གྲོང་ཚོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་3ལ་སྒོར་ཁྲི་གཅིག་ཙམ་རི་བའི་དངོས་ཟོག་བསྐྱལ་བ་དང་། དོག་སྡེ་ཁྲོམ་གཞུང་གྲོང་ཚོའི་ལས་བྱེད་པ་ཚེ་རིང་ཕུན་ཚོགས་ཀྱིས་རང་འགུལ་ངང་ཁེ་ལས་དང་འབྲེལ་མཐུད་བྱས་ནས་དབུལ་སྒྲོལ་དུད་ཚང་ཡིན་པའི་སྟོབས་རྒྱལ་ལ་གཙང་སྦྲའི་ལས་གནས་བརྩོན་ལེན་བྱས་ཏེ“ལས་གནས་རོགས་སྐྱོར”གྱིས“ཐེངས་གཅིག་རོགས་སྐྱོར”གྱི་ཚབ་བྱས་ནས“རང་བརྟེན”རོགས་སྐྱོར་མངོན་འགྱུར་བྱུང་ཡོད།
གྲྭ་བཞི་གྲོང་གསར་སྡེ་ཁུལ་གྱིས་མཉམ་སྐྲུན་ཚན་པ་40ལྷག་ཙམ་དང་མཉམ་དུ“བདུན་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་འཁྱགས་སྒམ་དང་གོས་འཁྲུད་འཕྲུལ་འཁོར་སོགས་ཀྱི་བསམ་འདུན་23གཅིག་སྡུད་ཐོག་བསྒྲུབས་པ་དང་། རང་སྐྱོང་ལྗོངས་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་3ལ་ཁང་གླའི་ཁ་གསབ་སྒོར་3000ཞལ་འདེབས་བརྒྱབ་པ། རྔ་ཆེན་ཁྲོམ་གཞུང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཀྲི་པུའུ་དང་མཉམ་དུ་ལོ་80ལ་སླེབས་པའི་རྒན་རྒོན་དབང་རྒྱལ་ལ་ཕྱིར་སྐྱོད་བྱེད་པར་འཁོ་བའི་རྐུབ་སྟེགས་འཁོར་ལོའི་ཕུགས་འདུན་མངོན་འགྱུར་བྱས་ཏེ། “བསམ་འདུན་ཆུང་ངུ”དེ“སེམས་འགུལ་ཆེན་པོར”འགྱུར་བར་བྱས་ཡོད།
སྔགས་པ་གླིང་ཁ་སྡེ་ཁུལ་གྱིས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་འབྲེལ་མཐུད་བྱས་ནས་ཟླ་རེར་འོས་འགན་སྨན་བཅོས་བྱས་པ་དང་། བཀྲ་ཤིས་ཁ་བ་བོད་ཟས་ཁང་གིས་ཕ་མ་ཡ་གྱར་གྱི་ཁྱིམ་ཚང་ལ་ཁང་གླ་ཞལ་འདེབས་བརྒྱབ་པ། བྷོ་ཁམས་བོད་ལུགས་སྨན་ཁང་གིས་དབང་པོ་སྐྱོན་ཅན་གྲོང་མི་12ལ་རིན་མི་དགོས་པར་བདེ་ཐང་སླར་གསོའི་ཞབས་ཞུ་བསྒྲུབས་པ་ལ་སོགས། མིག་སྔའི་བར། ཁྲེང་ཀོན་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཚན་པ་100ལྷག་ཙམ་དང་ཏང་ཡོན་མང་ཚོགས་500ལྷག་ཙམ་མཉམ་དུ་ཞུགས་ནས“ཕྱོགས་མང་མཉམ་འགུལ་གྱིས། གཅེས་སེམས་མཉམ་དུ་འབུལ་བའི”དྲོ་སྐྱིད་ལྡན་པའི་མཉམ་སྒྲོག་རོལ་དབྱངས་ཤིག་དཀྲོལ་བ་རེད།
གདུབ་ཟུམ་ཞབས་ཞུ་ལས་ནམ་ཡང་དྲོ་སྐྱིད་མི་འཇགས་པ།
དགོས་མཁོ་མི་འདྲ་བར་གཞིགས་ཏེ་ཁྲེང་ཀོན་ཆུས་ཀྱིས་རིམ་དབྱེ་དང་ལེན་ལམ་སྲོལ་བཙུགས་ནས“ཛ་དྲག་དོན་དག་མྱུར་སྒྲུབ་དང་དཀའ་གནད་དོན་དག་ཆེད་སྒྲུབ”ཐུབ་པར་འགན་ལེན་བྱས་ཤིང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རིགས“ཆུ་ཚོད་24ཡི་རིང་མགྱོགས་མྱུར་དང་ལེན་ཞུ་བ”ལག་བསྟར་བྱས་ཏེ། དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱིས་མཉམ་སྐྲུན་ཚན་པ་དང་མཉམ་དུ་ཉིན་2རིང་མ་དངུལ་སྒོར་ཁྲི་1གྲབས་གསོག་བྱས་ནས་ཁེར་སྡོད་རྒན་རྒོན་གྱི་ཉེན་ཁང་ལ་ཉམས་གསོ་བྱས་པ་དང་། འཚོ་བའི་ཞབས་ཞུ་རིགས་ཀྱིས་འགན་འཁྲི་དང་དུས་བཀག་གསལ་པོར་བཟོས་ནས་ཉང་བྲན་ཁྲོམ་གཞུང་གི“ཁྱིམ་སྤྱོད་གློག་ཆས་ཆག་སྐྱོན”བྱུང་རིགས་ཆ་སྙོམས་དང་ལེན་ཞུ་ཚད་ཆུ་ཚོད་48ལས་ཉུང་བ་དང་། གཟུགས་པོ་བརྟག་དཔྱད་ཀྱི་དགོས་མཁོའི་ཐད་དུས་གཅིག་ལ་བདེ་ཐང་ཡིག་ཚགས་བཟོ་བ། དྲ་མིག་པས་པར་ལེན་དང་བརྙན་ལེན་བྱས་ནས་སྙན་སེང་ཞུས་ཏེ་ཞབས་ཞུའི་ཐད་ཕུགས་འདེད་ཐུབ་པར་བྱས་ཡོད།
གྲྭ་བཞི་སྡེ་ཁུལ་གྱིས་ལྟ་སྐུལ་ཚོགས་ཆུང་བཙུགས་ཏེ་བསམ་འདུན་སྒྲུབ་ཚུལ་ལ་རྗེས་སྙེག་བྱས་ནས་ཕན་འབྲས་རྩད་གཅོད་བྱེད་པ་དང་། ཞང་དབྱང་སྡེ་ཁུལ་གྱིས་དྲ་ཐོག་དང་དྲ་ཕྱིའི་བརྒྱུད་རིམ་ཡོངས་ལ་བརྟེན་ནས་བསམ་འདུན་གྱི་ནང་དོན་དང་། རྩིས་ལེན་ཕྱོགས། འཕེལ་རིམ་གྱི་གྲུབ་འབྲས་བཅས་ཡོངས་བསྒྲགས་བྱས་ནས་བརྒྱུད་རིམ་ཚང་མ་སྤྱི་བསྒྲགས་ཕྱི་གསལ་ནང་གསལ་བྱས་ཡོད། སྐྱིད་ཆུ་གཞུང་སྡེ་ཁུལ་གྱིས་གློ་སྐྲན་གྱི་ནད་པ་བསོད་ཆེ་གེ་མོར་མ་དངུལ་བསྡུ་རོགས་བྱས་པ་མ་ཟད། དལ་ནད་ཀྱི་སྨན་བཅོས་འགན་བཅོལ་ལ་མཐུན་སྦྱོར་བྱས་ནས་དྲ་མིག་པ་མངགས་ཏེ་དུས་ཚིགས་རེར་སྨན་གཏོང་ཚུལ་ཡང་འདྲི་མོལ་བྱས་པ་དང་། དོག་སྡེ་ཁྲོམ་གཞུང་ཐེན་ཁྲོང་བསམ་སྐྱིད་ཀུང་སིས་དངོས་ཟོག་བསྐྱལ་བའི་རྨང་གཞིའི་ཐོག་ཟླ་རེར་དུད་ཁྱིམ་5ཡི་ཁེར་སྡོད་རྒན་རྒོན་ལ་སྒོར་500ཡི་ཁ་གསབ་སྤྲད་དེ“ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོར”དེ“རྒྱུན་རྣམ་ཅན་གྱི་དོ་ཁུར”དུ་བསྒྱུར་རྒྱུའི་ཁས་ལེན་བྱས་ཡོད། 2025ལོར་ཁྲེང་ཀོན་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་བསམ་འདུན་ཁག་500ལྷག་ཙམ་ཐག་གཅོད་བྱས་པ་དང་། མ་དངུལ་སྒོར་ཁྲི་60ལྷག་ཙམ་བཏང་ནས་མི་ཐེངས་2000ལྷག་ཙམ་ལ་ཕན་པ་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།