དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • “མཐའ་མའི་འགག་གནད”བསལ་ནས་ཤེས་དཔལ་སྲོལ་གསར་མི་སེམས་སུ་ཟུག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-01

    རྒྱ་ཚ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས“དང་པོའི་བཅོ་ལྔའི་དུས་ཆེན་དགའ་བས་གཏོང་། མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་བརྗོད”ཅེས་པའི་བྱེད་སྒོ་སྤེལ་ཞིང་། འདི་ནི་དང་བླངས་པས་མང་ཚོགས་དང་མཉམ་དུ་སྤུ་སྨྱུག་གིས་སྨོན་ཚིག་འབྲི་བཞིན་པ།

    འདི་ནི་ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས“ཇ་ཁང་ནང་དུ་ཏང་གི་ལོ་རྒྱུས་ཁྲིད། ཏང་གི་བཀའ་དྲིན་དྲན་ནས་བདེ་སྐྱིད་གླེང”ཞེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་པ།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ། སེམས་རྩ་འཁོལ་བའི་ཞབས་ཞུ་དང་། གསོན་ཉམས་དོད་པའི་བྱེད་སྒོ ཁྱད་ཆོས་ལྡན་པའི་སྤུས་རྟགས་བཅས་ལ་བརྟེན་ནས་མང་ཚོགས་དང་ཐག་ཉེ་པོས་འབྲེལ་འདྲིས་ཐུབ་པར་བྱས་པ།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ། ཤེས་དཔལ་ལག་ལེན་གྱི་འདུ་ཤེས་གང་སར་ཁྱབ་པར་བྱས་ཤིང་། སེམས་རྩ་འཁོལ་བའི་ཞབས་ཞུ་དང་། གསོན་ཉམས་དོད་པའི་བྱེད་སྒོ། ཁྱད་ཆོས་ལྡན་པའི་སྤུས་རྟགས་བཅས་ལ་བརྟེན་ནས་མང་ཚོགས་དང་ཐག་ཉེ་པོས་འབྲེལ་འདྲིས་ཐུབ་པར་བྱས་ཏེ། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་རྒྱག་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”དངོས་སུ་བསལ་བ་རེད།

    ལག་ལེན་གྱི་རྨང་གཞི་བརྟན་པོར་བཙུགས་ནས། ཤེས་དཔལ་ལག་ལེན་མིག་མཐོང་ལག་ཟིན་ཐུབ་པར་བྱས་པ།

    “འགོ་གཙོ་ཨང་དང་པོའི”འདུ་འགོད་ཅིག་ཡིན་པའི་ངོས་ནས། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་དེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ནང་བཅུག་སྟེ། “ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་དམངས་གསུམ་གྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། དྲིལ་བསྒྲགས་སྡེ་ཚན་གྱིས་སྒྲིག་འཛུགས་མཐུན་སྦྱོར། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ། སྤྱི་ཚོགས་ཡོངས་ཧུར་ཐག་ཞུགས་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་མཉམ་དུ་འཆར་འགོད་དང་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་12དང་། ལག་ལེན་སུའོ་84 ལག་ལེན་ས་ཚིགས་571བཅས་བསྐྲུན་པར། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་ལ་ཁྱབ་པའི་ཤེས་དཔལ་ལག་ལེན་གྱི་དྲ་རྒྱ་ཞིག་གྲུབ་ཡོད།

    ལག་ལེན་བསྟར་ས་འཛུགས་སྐྲུན་བྱེད་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“གསོག་ཐེབས་ཕན་སྒྱུར་དང་བཀོད་སྒྲིག་ལེགས་གཏོང”གི་རྩ་དོན་གཞིར་བཟུང་། འཛུགས་སྐྲུན་བསྐྱར་ཟློས་མི་ཡོང་བར་བྱས་ཤིང་། ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་ཏང་དམངས་ཞབས་ཞུའི་ལྟེ་གནས། རིག་གནས་བྱེད་སྒོའི་ལྟེ་གནས། ཞིང་པའི་དཔེ་ཁང་། ཀུན་སྤྱོད་སློབ་ཁང་སོགས་དང་མཉམ་འདྲེས་དམ་ཟབ་བྱས་ནས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། སློབ་གསོའི་ཞབས་ཞུ། རིག་གནས་ཞབས་ཞུ། ཚན་རྩལ་དང་ཚན་རིག་ཁྱབ་གདལ། ལུས་སྦྱོང་ལུས་རྩལ་སོགས་ནུས་པ་སྣ་ཚོགས་གཞི་གཅིག་ཏུ་འདུས་པའི“ཕྱོགས་བསྡུས་འདུས་གྲུབ”བསྐྲུན་ཡོད།

    དང་བླངས་པའི་སྟོབས་ཤུགས་སྐུལ་སློང་བྱས་ནས། ཤེས་དཔལ་ལག་ལེན་གྱི་རྩ་བ་ཚུགས་པར་བྱས་པ།

    “ངས་ཁྱེད་རང་གི་རྡོག་ཁྲེས་རླངས་འཁོར་ནང་དབོར་རོགས་ཞུས་ཆོག”དང“འདི་ནི་ཤེས་དཔལ་ཡུལ་སྐོར་གྱི་ལག་དེབ་རེད། འདིའི་ནང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་དྲན་སྐུལ་ཤོག་བྱང་ཡོད” རྒྱ་ཚ་རྫོང་མེ་འཁོར་འབབ་ཚུགས་ཀྱི“ཚེས་ལྔའི་དུས་ཆེན་རིང་ལྷན་དུ་འཛོམས། ངས་ཡུལ་སྐོར་བར་ཞབས་འདེགས་ཞུ”ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་ཚོས་ཞབས་ཞུའི་ལས་ལ་བྲེལ་བའི་རྣམ་པ་ནི་དེ་གའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

    དང་བླངས་ཞབས་ཞུ་ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཞི་རྩའི་བྱེད་ཐབས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་སྣ་མང་བསྡུ་ལེན་དང་ཆེད་ལས་ཁྲིད་སྟོན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རིམ་པ་ཁག་གི་དྲིལ་བསྒྲགས་པ་དང་། ཀུན་སྤྱོད་དཔེ་བཟང་བ། མོས་འདེམས་ཉོ་སྐྱེལ་བ་སོགས་ཀྱི་ཚོགས་སྤྱི་དང་བླངས་དཔུང་ཁག་ནང་རྒྱ་ཁྱབ་བསྡུས་ཏེ། གོང་འོག་སྦྲེལ་མཐུད་དང་མཁོ་སྤྲོད་སྦྲེལ་མཐུད་ཀྱི་དང་བླངས་ཞབས་ཞུའི་མ་ལག་ཅིག་བཙུགས་པ་རེད། ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་4282སྤེལ་བ་དང་མང་ཚོགས་མི་ཐེངས་ཁྲི་27.5ལ་ཞབས་འདེགས་ཞུས་ཏེ“ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་ཡར་ཀླུང་ས་གཞི་ཆེན་པོར་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་བྱས།

    གྲོང་ཁྱེར་ཡོངས་ཀྱིས་ད་དུང“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཧུར་ཐག་སྦྱོང་བའི”བྱེད་སྒོ་ཐེངས་1730སྤེལ་ཏེ། མང་ཚོགས་ཁྲི་4.2ཀྱི་འབྲེལ་གཏུག་བྱེད་ནུས་ཆེ་རུ་བཏང་ནས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཐེངས་4691བྱས་པར་མང་ཚོགས་མི་ཐེངས་ཁྲི་34.9ཞུགས་ཡོད་པས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་ཚང་མས་ཤེས་ཐུབ་པ་བྱུང་ཡོད།

    ཁྱད་ལྡན་སྤུས་རྟགས་བཏོད་ནས། ཤེས་དཔལ་ལག་ལེན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ།

    “རིག་གནས་ལག་ལེན་དངུལ་ཁང”ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་བཏོད་པའི་ཤེས་དཔལ་ལག་ལེན་གྱི་སྤུས་རྟགས་རྣམ་གྲངས་ཤིག་རེད། འདི་གར་མང་ཚོགས་ཀྱིས་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་། གྲོང་སྲོལ་དམངས་ཆིངས་ལ་བརྩི་སྲུང་ཞུ་བ། ཤེས་དཔལ་བྱ་སྤྱོད་ལག་ལེན་བསྟར་བ་སོགས་ཀྱི་བྱ་ཐབས་བརྒྱུད་སྐར་མ་གསོག་ཆོག་པ་དང་། བསགས་པའི་སྐར་མས་འཚོ་བའི་མཁོ་ཆས་བརྗེ་ཆོག་གི་ཡོད། བྱེད་སྟངས་འདིས་མང་ཚོགས་ལ་ཤེས་དཔལ་གྱི་གོམས་གཤིས་འཇགས་པར་ཁྲིད་སྟོན་ཐུབ་ནས་མང་ཚོགས་ཀྱི་བྱང་ཚད་མཐོ་རུ་ཕྱིན་ཡོད།

    གོམས་སྲོལ་སྒྱུར་རྒྱུ་ནི་ཤེས་དཔལ་ལག་ལེན་གྱི་ནང་དོན་གལ་ཆེན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས“ཤེས་དཔལ་ཡར་ཐོན་གྱི་སྲོལ་གསར་གཏོད། བདེ་ཐང་བདེ་སྐྱིད་ཀྱི་འཚོ་བར་རོལ”ཞེས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་མང་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཡོད། ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཤང་གིས་ཇ་ཁང་དུ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་ཞིང་། དང་བླངས་པས་ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ་དང་དཔྱད་གཞིའི་ཡིག་རིགས་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་གོམས་སྲོལ་ངན་པ་དོར་བར་ཁྲིད་སྟོན་བྱས་ཡོད། ཆུ་གསུམ་རྫོང་གིས“དྭངས་གསལ་དུས་ཚིགས”རིང“གོམས་སྲོལ་བསྒྱུར་ནས་སྲོལ་གསར་གཏོད་པའི”བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས“གཤིན་པོ་དུར་སྐྱེལ་དང་རྗེས་འཇུག་སྟབས་བདེ་སྒྲུབ་པ”དར་སྤེལ་བཏང་ནས་ཤེས་དཔལ་གྱི་དུར་མཆོད་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།