དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གཟུགས་བརྙན“གཡག་གུ་མའོ་མའོ”དངོས་སུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-01

    ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་མཛུབ་ཁྲིད་དང་བོད་ལྗོངས་གྲངས་འཛིན་རིག་གནས་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གཟུགས་བརྙན“གཡག་གུ་མའོ་མའོ”ཡི་ཁྱབ་བསྒྲགས་བྱེད་སྒོ་ལྷ་སར་འཚོགས་པ་རེད།

    བྱེད་སྒོ་དེ་ལྷ་མོ་དང་དར་སོ་ཆེ་བའི་གླུ་གར་མཉམ་འདྲེས་ཀྱི་འཁྲབ་སྟོན་ཁྲོད་འགོ་བཙུགས་པ་ལས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་དབྱར་མཚོ་རྒྱས་པ་ལྟར་གྱི་དུས་རབས་ཀྱི་གསོན་ཤུགས་གང་ལེཌ་མངོན་ཡོད། “གཡག་གུ་མའོ་མའོ”ཡི་ཨ་ལད་པད་གོག་བསྟན་པ་དང་བསྟུན་ནས་འབྲི་གཡག་མ་དཔེར་བཟུང་ནས་ཇུས་འགོད་བྱས་པའི་སྤུས་རྟགས་གཟུགས་བརྙན་གསར་རྐྱང་ཞིག་ཀུན་གྱི་མིག་ལམ་དུ་ཐོག་མར་འཆར་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་རང་སོར་བཞག་པའི་རྨང་གཞིའི་ཐོག དེང་རབས་ཀྱི་མཛེས་དཔྱོད་གཞི་རྒྱུ་མཉམ་དུ་འདྲེས་པ་ལས། བོད་ཀྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཁྲོད་མཉམ་འདྲེས་འཕེལ་རྒྱས་བྱུང་བ་གསོན་ཉམས་དོད་པོས་མཚོན་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ“གཡག་གུ་མའོ་མའོ”IPའཐུས་མིས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མི་དམངས་སྲིད་གཞུང་དང་། བོད་ལྗོངས་གློག་འཕྲིན། བོད་ལྗོངས་དྲ་སྦྲེལ་མཐུན་ཚོགས་བཅས་དང་མཉམ་ལས་གྲོས་མཐུན་བཞག་ནས། “སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་འཁོར་སྐྱོད། སྤྱི་ཚོགས་ཀྱིས་ཞུགས་པ”བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་དེ། རིག་གནས་ཡུལ་སྐོར་ཁྱབ་སྤེལ་དང་ཐོན་ལས་མཉམ་འདྲེས་ཡོང་བར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།