དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ“ཕྱོགས་གསུམ་གཞི་གཅིག”གི་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-01

    ཉེ་ཆར། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་དམངས་སྲིད་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་པ་སྒྲིག་འཛུགས་བྱས་ནས། རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་དང་ཀརྨ་དགོན་གསར་ཁྲོམ་གཞུང་ཀརྨ་དགོན་གསར་སྡེ་ཁུལ་དུ་བསྐྱོད་དེ། དུས་འགོའི་ཕྱོགས་ཡོངས་ཀྱི་གྲལ་བཤེར་རྨང་གཞིའི་ཐོག “དངོས་ཟོག་འགན་སྲུང་དང་། འཚོ་བའི་ཞབས་ཞུ། བསམ་པའི་ཐུགས་ཁུར”བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་གཞི་གཅིག་གི་རོགས་སྐྱོར་བྱ་ཐབས་སྤྱད་དེ་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

    ལས་དོན་པས་དང་ཐོག་ནད་གཞི་ཕོག་པའི་མི་ཧྲེང་རྒན་རྒོན་ཞིག་གི་གནས་སྐབས་ཀྱི་སྡོད་སར་བསྐྱོད་དེ། ཁོ་པའི་གཟུགས་གཞིའི་བདེ་ཐང་དང་རྒྱུན་གཏན་གྱི་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། དགོས་མཁོ་གང་ཡོད་དྲིས་པ་མ་ཟད། འཚོ་བའི་དངོས་ཟོག་ཀྱང་སྤྲད་པ་རེད། དེ་རྗེས། ལས་དོན་པ་ཕ་མ་ཡ་ཆག་གི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་བསྐྱོད་ནས། ཁོ་པར་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཏེ་འཚོ་བ་ལེགས་སུ་གཏོང་དགོས་པའི་སྐུལ་ལྕག་བྱས་པ་མ་ཟད། དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཆོག་ཅེས་བརྗོད་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ལས་དོན་དང་དང་བླངས་པའི་མཐུན་ཚོགས་ཀྱི་ལས་དོན་པ་མིག་དམར་དགྲ་འདུལ་གྱིས། “ང་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་པར་བསྐྱོད་དེ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། རྗེས་མཐུད་ཀྱི་ཇུས་འདོན་གནད་སྨིན་དང་འབེན་གཏད་རོགས་སྐྱོར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་དང་ཆབས་ཅིག ད་དུང‘དམངས་སྲིད་སྲིད་ཇུས་ཁྲིམ་ཚང་མང་པོར་བསྐྱལ། ཏང་གི་བཀའ་དྲིན་སེམས་ཀྱི་གཏིང་དུ་བཞག’སོགས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ། དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཁར། ཁྱིམ་ཚང་ཀུན་གྱིས་སྲིད་ཇུས་ཤེས་པ་དང་སེམས་ཀྱི་གཏིང་ལ་ཟུག་ཐུབ་པའི་འགན་ལེན་བྱས་ནས། ཏང་གི་དྲོ་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་པོས་ཚོར་བར་བྱས་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།