དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱ་ཚ་རྫོང་ང་རབ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ལ་ཁྲིད་སྟོན་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-01

    ཉེ་ཆར། རྒྱ་ཚ་རྫོང་ང་རབ་གྲོང་རྡལ་གྱིས་ཏང་འཛུཌ་སྐྱོང་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ལ་ཁྲིད་སྟོན་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། རྒྱ་ཚ་རྫོང་རིག་གནས་ཐང་ཆེན་དུ“གྲོང་གསེབ་ཚོང་འདུས་ལས་རྣམ་པ་གསར་པ་མངོན། སྒོ་རར་མེ་ཏོག་བཞད་ཅིང་འབྲས་བཟང་བཏགས། སྒོར་གཞས་འཁྲབ་ནས་འཚོ་བར་བསྟོད་གླུ་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས། གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་རིག་གནས་འཛུགས་སྐྱོང་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཡུལ་མི་མང་པོ་བྱེད་སྒོར་ཞུགས་པའི་ཡིད་དབང་བཀུག་པ་མ་ཟད། སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་བཏོད་ཡོད།

    བྱེད་སྒོར“སྒོ་རར་མེ་ཏོག་བཞད་ཅིང་འབྲས་བཟང་བཏགས”ཞེས་པའི་ཕུལ་བྱུང་སྒོ་རར་བྱ་དགའ་སྤྲོད་པའི་ལྷུ་ཚིགས་བཙུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ངར་རབ་གྲོང་རྡལ་གྱིས་མཚོན་བྱེད་རང་བཞིན་གྱི་དུད་ཚང་ལྔ་ལ་གཟི་བརྗིད་ལག་ཁྱེར་དང་བྱ་དགའ་སྤྲད་ནས་སྔོན་ཐོན་དཔེ་མཚོན་བཏོད་དེ། ཞིང་དུད་ལ་སྒོ་རའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་12ཞུགས་ཤིང་། ཆེད་ལས་སྐར་མ་རྒྱག་མཁན་གྱིས་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་བརྒྱུད། བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་3 ཕུལ་བྱུང་བྱ་དགའ་3བཅས་བདམས་པ་དང་། ལས་དོན་པས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་ནས། ཡུལ་མིའི་ཐུན་མོང་གི་གཟི་བརྗིད་བསམ་པ་དེ་བས་ཟབ་ཏུ་བཏང་སྟེ། རིག་གནས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།