2025ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་སྤེལ་རེས་སྒར་ས་ལི་ཅང་དུ་འགོ་ཚུགས་པ།
ཚེས་26ཉིན། “ལང་ཚོའི་རྫ་ཆུ་དང་མེ་ཀུང་གཙང་པོ། བློ་རིག་གིས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་སྤེལ་རེས་སྒར་ས་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་འཐུས་མི་80ལྷག་ཙམ་ཞུགས་ཡོད་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཁེ་ལས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་འབབ་རྒྱུད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་གཞོན་ནུའི་སྒུལ་ནུས་སྣོན་ཆེད་ཡིན་པ་རེད།
བྱེད་སྒོ་སྤེལ་རིང་ཀྲུང་གོས་གྲོས་འགོ་བཏོན་པ་དང་། ཁམ་ཕུ་ཁྲེ་དང་། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་བཅས་མཉམ་དུ་ཞུགས་པའི“རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་རྣམ་གྲངས་མཉམ་ལས་གྲངས་གཞིའི་མཛོད་དང་མཉམ་ལས་ལས་དོན་ཁང”དངོས་སུ་བཙུགས་ནས། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་མཉམ་ལས་དེ་གྲངས་འཛིན་ཅན་གྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་རྣམ་གྲངས་མཉམ་ལས་གྲངས་གཞིའི་མཛོད་ཀྱི་མ་ལག་གིས་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་མཉམ་ལས་ཀྱི་དགོས་མཁོ་དང་། རྣམ་གྲངས་ཐོན་ཁུངས། ཚོང་ལས་གོ་སྐབས་བཅས་བསྡུ་སྒྲིལ་འགྲེམས་སྟོན་བྱས་ཏེ། ཆ་འཕྲིན་གྱི་བཀག་རྒྱ་ནུས་ལྡན་ངང་གཏོར་ནས་ཚོགས་འདུའི་ཐོག་གི་སྤེལ་རེས་ནས་རྣམ་གྲངས་ལག་ལེན་བསྟར་བའི་བར་འགྱུར་ལྡོག་ཡོང་བར་རམ་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།