ཟླ་བ་དང་པོ་ནས་བརྒྱད་པའི་བར་ཅང་སུའུ་ལེན་ཡུན་ཀང་གྲུ་ཁའི་འགག་སྒོ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་3.45ལས་བརྒལ་བ།
འདི་ལོ་ཚུན་དུ་ཅང་སུའུ་ལེན་ཡུན་ཀང་གྲུ་ཁས“གྲུ་གཟིངས་གྲུ་ཁར་འབྱོར་བ་ནས་ཐོན་པའི་བར”གྱི་བརྒྱུད་རིམ་ཧྲིལ་པོའི་བགྲོད་ལམ་བཏོད་དེ། རྒྱལ་ཐོན་རླངས་འཁོར“ཕྱིར་གཏོང”ལ་རམ་འདེགས་བྱས་པས་འཁོར་འཇུག་ལས་སྒོ་ཟླ་རེ་བཞིན་འཕར་ཡོད། 2025ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ལེན་ཡུན་ཀང་གྲུ་ཁའི་འགག་སྒོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་3.45ལས་བརྒལ་བ་དེ་དུས་མཚུངས་ལས་78.76%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ནི་2025ལོའི་ཟླ་9ཚེས་26ཉིན་འཁོར་འཇུག་གྲུ་གཟིངས་ཀྱིས་ཅང་སུའུ་ལེན་ཡན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་ཁ་ལས་དོན་ཡན་ལག་ཀུང་སིའི་གྲུ་ཁར་ཕྱིར་གཏོང་རླངས་འཁོར་དབོར་འདྲེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།