《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ》ཞེས་པའི་པར་རིས་འགྲེམས་སྟོན་མོ་སི་ཁོར་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། མོ་སི་ཁོ་རུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དང་ཨུ་རུ་སུའི་རྒྱལ་ཁའི་རྟེན་མཛོད་ཁང་གིས་མཉམ་དུ་གཉེར་བའི《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ》ཞེས་པའི་པར་རིས་འགྲེམས་སྟོན་བྱས་པ་རེད།
ད་རེས་ཀྱི་འགྲེམས་སྟོན་ལ་ལོ་རྒྱུས་ཀྱི་འདྲ་པར་100ལྷག་ཙམ་དང་རིག་དངོས་ཀྱི་འདྲ་པར་20བརྒྱུད་ཀྲུང་གོ་མི་དམངས་ཀྱིས་ལོ་14ཡི་རིང་ཁྲག་བཏོན་དམར་འཛིང་ངང་རི་པིན་བཙན་འཛུལ་པར་འགོག་རྒོལ་བྱས་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་ཕྱོགས་ཡོངས་ནས་བསྟན་པ་དང་། རི་འགོག་དམག་འཁྲུག་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་གྱི་ནུས་པ་དང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ཀྲུང་གོས་ཕུལ་བའི་གསུབ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་མངོན་གསལ་དོད་པོས་མངོན་པར་བྱས་པ་དང་ཆབས་ཅིག འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་དང་ཕན་ཚུན་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་གཅིག་སྡུད་ཐོག་མངོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།