དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུར་ལམ་གྱིས་རླུང་འགོག་བྱེ་འཇགས་ཀྱི་བྱ་སྤྱོད་སྤེལ་ནས་གཡུ་མདོག་གི་ལྕགས་རི་རིང་པོ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-30

    མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་བྱེ་ཁུལ་ཆེན་པོ་ཨང་བཞི་པ་དང“བྱང་གསུམ”གནོད་འགོག་ནགས་ཚལ་ལས་གྲྭའི་གཙོ་གནད་ཞིང་ཆེན་ཞིག་ཡིན་ལ། མཚོ་ནུབ་ཀྲོའུ་ནི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་རླུང་འགོག་བྱེ་འཇགས་བྱ་ཡུལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ཞིག་ཀྱང་རེད། དུར་ལམ་རྫོང་གིས“བྱང་གསུམ”གནོད་འགོག་ནགས་ཚལ་ལས་གྲྭར་བརྟེན་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་སྤྱི་འདོམས་བྱེད་རིང་། རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོ་དང་། ཞན་འགྱུར་རྩྭ་ར་བཅོས་སྐྱོང་། ཐང་རྒོད་ཅན་འགོག་བཅོས་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ལག་ལེན་བསྟར་ཡོད། འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ཞར་ཧྭ་གྲོང་རྡལ་ཧོ་པེ་གྲོང་ཚོའི་བྱེ་བཅོས་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།