དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པའི་ལོ་རྒྱུས་ཀྱི་གཞི་འཛིན་ས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-30

    འགྲོ་ལམ་ཞིག་ཡང་དག་མིན་བརྡར་ཤ་གཅོད་སྐབས་དེས་བརྒྱུད་མྱོང་བའི་ཤུལ་ལམ་ལ་བལྟས་ན་གསལ་པོ་ཤེས་ཐུབ། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་བརྗོད་དགོས་དོན་གང་ཡིན་ནམ་ཞེ་ན། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་དུས་རབས་གསར་པའི་བར་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནི“བདེ་སྐྱིད་ཀྱིས་ཁེངས་པའི”བརྒྱུད་རིམ་ཞིག་རེད། འགག་རྩའི་དུས་ཚིགས་ཚང་མར་གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་ནས་དེ་བས་ལེགས་པའི་འཚོ་བའི་ཕྱོགས་སུ་བསྐྱོད་ཡོད་པས། འདི་ནི་ལོ་རྒྱུས་ཀྱི་གཞི་འཛིན་ས་ཆེས་དངོས་གནས་དེ་རེད།

    1951ལོར། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི“མུན་ནག་མེད་པར་བཟོས་པའི”གོམ་སྟབས་དང་པོ་ཡིན་ཞིང་། བདེ་སྐྱིད་ཀྱི“འགོ”ཚུགས་ཡོད། དེའི་གོང་། བོད་ལྗོངས་འདི་ཉིད་ད་དུང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འདམ་རྙོག་ཏུ་ཚུད་ཡོད་པ་དང་། ཞིང་བྲན་རྣམས་མངའ་བདག་གིས་དུད་འགྲོ་ཇི་བཞིན་ཉོ་ཚོང་བྱེད་ཀྱི་ཡོད་པས། ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་དང་གོས་ལུས་པོ་དྲོད་པ་གྱོན་རྒྱུ་ལྟ་ཅི། “རང་ཉིད་ནི་མི་ཞིག་ཡིན་པའི”ལ་རྒྱ་ཡང་མེད། བཅིངས་འགྲོལ་དམག་བོད་དུ་སྐྱོད་སྐབས། ལམ་རྒྱགས་རྒྱབ་ཏུ་ཁུར་ནས་གངས་རི་དང་འཁྱགས་རོམ་བརྒལ་ཏེ། སྒར་བརྒྱབ་ནས་སྡོད་དགོས་བྱུང་ཡང་མི་སེར་གྱི་སྦྲ་གུར་བཟུང་མེད། 《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ནང“བོད་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས”ཞེས་བྲིས་ཡོད། འདི་ནི་སྐད་ཆ་སྟོང་པ་ཞིག་མ་རེད། ཞིང་བྲན་ལ་ཉེས་རྡུང་དང་གཤེ་གཤེ་གང་འདོད་མི་གཏོང་བ་དང་། ཕྲུ་གུ་འཁྱམ་པོ་གསོ་ཉར་བྱེད་ཀྱི་ཡོད་པས། མི་སེར་ཚོས“ང་ཚོར་རྒྱབ་རྩ་བྱེད་མཁན་དངོས་འབྲེལ་ཡོད་པ”ཐེངས་དང་པོ་ཤེས་རྟོགས་ཐུབ་ཡོད། གོམ་པ་འདི་ལས་བོད་མི་དམངས“གསོན་ལམ་མེད་པ”ནས“རེ་བ་ཡོད་པར”གྱུར་ཞིང་། བདེ་སྐྱིད་ཀྱི་རྨང་རྡོ་དང་པོ་དེ་གུང་ཁྲན་ཏང་གིས་བཏིང་ཡོད།

    1959ལོའི་དམངས་གཙོའི་བཅོས་སྒྱུར་ནི“གནམ་ས་བརྗེ་བའི”འགག་རྩའི་གོམ་སྟབས་ཤིག་ཡིན་ཞིང་། བདེ་སྐྱིད་ཀྱི་རྩ་བ་འཛུགས་འགོ་ཚུགས་ཡོད། སྐབས་དེ་དུས“མངའ་བདག་ཆེན་པོ་གསུམ་གྱིས་དམིགས་བསལ་དབང་ཆ་དེ་ཤོར་འདོད་མེད་པར་དྲག་པོའི་ངོ་ལོག་གི་ཟིང་འཁྲུག་བསླངས་ནས་བོད་ལྗོངས་ལམ་རྙིང་པར་འཁྲིད་རྒྱུའི་རེ་ངན་བཅངས། མི་དམངས་དམག་དཔུང་གིས་འཕྲལ་ཐག་ཆོད་པོས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་དེ་རྗེས་དམངས་གཙོའི་བཅོས་སྒྱུར་བྱས་ཡོད། ཞིང་བྲན་གྱི་མི་ལུས་ཉོ་ཚོང་གི་གན་རྒྱ་མེར་སྲེག་བཏང་ནས་ས་ཞིང་དང་ནོར་ལུག་ཞིང་བྲན་ལ་བགོ་བཤའ་བརྒྱབ་སྟེ། “ཁྲལ་འུ་ལག”དང“སྐྱེད་ཆེའི་བུ་ལོན”མེད་པར་བཟོས་པས། བོད་ཡོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ“མངའ་བདག་གི་རྒྱུ་ནོར”ནས“རང་ཉིད་ཀྱི་བདག་པོར”གྱུར་ཡོད། གོམ་སྟབས་འདི་ལས་བོད་ཀྱི་མི་དམངས་རྣམས“བྲན་གཡོག”ནས“བདག་པོར”གྱུར་ཞིང་། བདེ་སྐྱིད་ཀྱི་ས་བོན་དུས་དེ་ནས་བཟུང་རང་ཁྱིམ་གྱི་ས་ཞིང་དུ་རྩ་བ་ཚུགས་ཡོད།

    སྒྱུར་བཅོས་སྒོ་དབྱེ་ནི“ཕྱུག་པོའི”ཕྱོགས་སུ་བསྐྱོད་པའི་གོམ་སྟབས་ཆེན་པོ་ཞིག་ཡིན་ཞིང་། བདེ་སྐྱིད་ཡོང་འགོ་ཚུགས་ཡོད། ས་ཞིང་ཡོད་པ་ཙམ་གྱིས་མི་ཆོག་པར་ད་དུང་འཚོ་བ་ཕྱུག་པོ་ཆགས་པ་དང་དོན་སྙིང་ལྡན་པ་ཞིག་ཡོང་དགོས། གུང་ཁྲན་ཏང་གིས་བོད་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས། དཔལ་འབྱོར་གྱི་བསྡོམས་འབོར་ཆེས་ཆེར་འཕར་ནས་དེང་རབས་བཟོ་ལས་མེད་པ་ནས་ཡོད་པ་དང་། འགྲིམ་འགྲུལ་དྲ་རྒྱ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། མི་དམངས་ཀྱི་འཚོ་བ་ལེགས་སུ་མངོན་གསལ་དོད་དུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། དེ་དག་ཐམས་ཅད་ལས་བོད་ཀྱི་མི་དམངས“ལྟོ་གོས་གཉིས་འཛོམས”ནས“མདུན་ལམ་ཡོད་པར”གྱུར་ནས་བདེ་སྐྱིད་ཀྱི་རྣམ་པས་ཁེངས་པ་ནི་ཁང་པ་གསར་པའི་ནང་གི་བརྙན་འཕྲིན་འཕྲུལ་འཁོར་དང་། བྱིས་པའི་དཔེ་ཁུག་ནང་གི་དཔེ་དེབ་གསར་པ། རྩྭ་ཐང་དུ་འཐུལ་བའི་འོ་ཇའི་དྲི་ཞིམ་བཅས་ལས་མངོན་ཡོད།

    དུས་རབས་གསར་པ་ཚུན་ནི“སྟོབས་ཆེའི་ཕྱོཌ”སུ་བསྐྱོད་པའི་བརྗིད་ཉམས་ལྡན་པའི་གོམ་སྟབས་ཤིག་ཡིན་ཞིང་། བདེ་སྐྱིད་ལ“མཐོ་ཚད་གསར་པ”བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཇུས་འགོད་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་ཞི་ཅིན་ཕིང་2021ལོའི་ཟླ་7པར་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་འབྲེལ་རྟོག་ཞིབ་བརྟག་ཞིབ་གནང་བ་དང་། 2025ལོའི་ཟླ་བརྒྱད་པར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་ཤིང་། ཐེངས་འདི་གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅིར་དགའ་བསུ་དང་ཕེབས་སྐྱེལ་ཞུ་སྐབས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཞུས་པ་དང་སེམས་འགུལ་ཐེབས་པའི་མིག་ཆུ་ཤོར་བ་དེ་དག་ཚང་མ་ནི་སྙིང་ཁོང་རུས་པའི་གཏིང་ནས་དགའ་ཞེན་དང་དྲིན་ཚོར་བྱས་པ་ཞིག་རེད།

    ཞི་བས་བཅིངས་འགྲོལ་བཏང་ནས“རེ་བ་སྦྱིན་པ”ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས“གཏན་འཇགས་རྒྱུ་ནོར་སྤྲོད་པ”དང་། སྒྱུར་བཅོས་སྒོ་དབྱེས“བདེ་སྐྱིད་སྦྱིན་པའི་བར་དང་། དེ་ནས་དུས་རབས་གསར་པས“སྤོབས་སེམས་སྦྱིན་པའི་བར། བོད་ཀྱི་འཕེལ་རྒྱས་ལམ་བུ་ཚང་མར“མི་དམངས་ལ་བདེ་སྐྱིད་ཡོང་བར་བྱས་ཡོད”འདི་ནི་ལོ་རྒྱུས་ཀྱི་སྟེས་དབང་ཞིག་མ་ཡིན་པར། “མི་དམངས་ཆེད”ཀྱི་ཐོག་མའི་བསམ་འདུན་བོད་ལྗོངས་སུ་རྩ་བ་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།