ལྷ་སའི་ཞིང་འབྲོག་པ་ཚོས་ཁ་གསབ་དངུལ་འདི་འདྲ་ཞིག་ལེན་ཆོག་གི་འདུག
ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་པ་ས་ཁོངས་གཞན་དུ་ལས་ཀར་ཞུགས་པར་ལམ་དངུལ་ཁ་གསབ་སྤྲོད་པའི་སྲིད་ཇུས།
གཅིག སྲིད་ཇུས་ཀྱི་གཞི་འཛིན་ས།
《ས་ཁོངས་གཞན་དུ་ལས་ཀར་ཞུགས་པའི་ཞིང་འབྲོག་པར་ལམ་དངུལ་ཁ་གསབ་སྤྲོད་སྟངས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་མི་སྤྱི་སྤེལ{2025}ཡིག་ཨང་28པ)
གཉིས། ཁ་གསབ་སྤྲོད་ཡུལ།
ལོ་དེ་རང་ལ་ས་ཁོངས་གཞན་དུ་སྒྲིག་འཛུགས་ཡོད་པའི་སྒོ་ནས་གནས་སྒྱུར་ལས་ཀར་ཞུགས་པ་མ་ཟད། ལོ་འཁོར་མོར་ལས་ཀར་ཞུགས་ཚད་རིམ་རྩིས་བརྒྱབ་ན་ཟླ་6དང་དེ་ཡན་ཟིན་པའི་ཐེམ་ཁོངས་ལྷ་ས་ནས་ཡིན་པའི་ཞིང་འབྲོག་པ་དང་དབུལ་སྒྲོལ་མི་སྣ(དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད་པ)ཡིན།
གསུམ། ཁ་གསབ་ཀྱི་ཚད་གཞི།
རྫོང་གཞན་དུ་ལས་ཀར་ཞུགས་པར། མི་རེར་ལོ་རེར་སྒོར་500
ས་ཁུལ་དང་གྲོང་ཁྱེར་གཞན་དུ་ལས་ཀར་ཞུགས་པར། མི་རེར་ལོ་རེར་སྒོར་1000
ཞིང་ཆེན་གཞན་དུ་ལས་ཀར་ཞུགས་པར། མི་རེར་ལོ་རེར་སྒོར་2000
བཞི། ཁ་གསབ་སྤྲོད་སྟངས།
1. དབུལ་སྒྲོལ་མི་འབོར་ཡིན་ཚེ། “རེ་ཞུ་བྱེད་མི་དགོས་པར་ལོངས་སུ་སྤྱོད་རྒྱུ”མཐའ་འཁྱོངས་བྱས་ཏེ། ཁ་གསབ་ལེན་པའི་ཆ་རྐྱེན་ཚང་བའི་མི་སྣར་འབྲེལ་ཡོད་མ་དངུལ་དོ་དམ་གྱི་བླང་བྱ་ལྟར་ཁ་གསབ་མ་དངུལ་དབུལ་སྒྲོལ་མི་འབོར་གྱི་སྤྱི་ཚོགས་འགན་སྲུང་གཱའི་ནང་རྒྱག་རྒྱུ།
2. ཞིང་འབྲོག་པ་ཡིན་ཚེ། (དབུལ་སྒྲོལ་མི་འབོར་ཚུད་མེད)ཁ་གསབ་ལེན་པའི་ཆ་རྐྱེན་ཚང་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཐེམ་ཐོ་གནས་སའི་མི་སྤྱི་སྡེ་ཚན་ལ་གླ་ཆ་བླངས་པའི་དཔང་རྟགས་དཔྱད་ཡིག(སྤྱི་ཚོགས་འགན་སྲུང་འགྲོ་གྲོན་བསྐྱལ་བའི་དཔང་ཡིག་དང་། གླ་ཆ་སྤྲོད་སའི་དངུལ་ཁང་གཱའི་གཏོང་ཡོང་རྩིས་ཐོ སྐད་འཕྲིན་དང་དངུལ་སྤྲོད་འབོ་སོགས་ནས་གླ་ཆ་བརྒྱབ་པའི་འཛིན་ཡིག་བཅས་གང་རུང་གཅིག་ཡོད་ན་འགྲིག )མཁོ་འདོན་བྱས་ནས་ཁ་གསབ་རེ་ཞུ་བྱེད་དགོས། རྫོང(ཆུས)མི་སྤྱི་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་ནོར་སྲིད་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་མ་དངུལ་དོ་དམ་གྱི་བླང་བྱ་ལྟར་ཁ་གསབ་མ་དངུལ་ཞིང་འབྲོག་པའི་སྤྱི་ཚོགས་འགན་སྲུང་གཱའི་ནང་དུས་ཐོག་ཏུ་རྒྱག་རྒྱུ་ཡིན་པ་རེད།
ལྔ། བློ་འདྲིའི་ཁ་པར།

འབྲེལ་ཡོད་གསར་འགྱུར།