དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐང་ཏུའོ་ཡིས་འཇར་མན་ཧྥ་ཤི་སིར་འཐབ་རྩོད་དྲག་པོ་ཐེངས་100ལྷག་ཙམ་བྱས་པ་དང་བྱས་རྗེས་མངོན་གསལ་དོད་པོ་བཞག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏུའུ་ཅོན།   |     སྤེལ་དུས།  2025-09-29

    འདི་ནི་ཐང་ཏུའོ་ཡིན་པ།

    1904ལོར་ཐང་ཏུའོ་ཧུའུ་ནན་དབྱི་དབྱང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་14ལ་སླེབས་སྐབས་ཧྥ་རན་སེར་ལས་སློབ་གཉིས་བརྩོན་གྱི་གྲ་སྒྲིག་འཛིན་གྲྭར་སློབ་སྦྱོང་བྱས། 1919ལོར་ལྔ་བཞིའི་ལས་འགུལ་ནང་ཞུགས། 1920ལོར་ཐང་ཏུའོ་ཡིས་ཧྥ་རན་སེའི་མོང་ཏ་ཨེར་ཅིར་ལས་སློབ་གཉིས་བརྩོན་བྱས། 1924ལོར་ཁོང་ཀོང་ཏུང་དམག་དོན་གནམ་གྲུའི་སློབ་གྲྭར་རྒྱུགས་འཕྲོད་པ་དང་། ཕྱི་ལོར་སུའུ་ལེན་མཁའ་དམག་གི་འཕུར་སྐྱོད་སློབ་གྲྭ་གཉིས་པར་ཟབ་སྦྱོང་བྱེད་པར་མངགས། 1942ལོར་ཁོང་སུའུ་ལེན་རུའུ་ཁོ་ཧྥུའུ་སི་ཅི་མཁའ་དམག་བཟོ་སྐྲུན་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་འཕྲུལ་ཆས་བཟོ་སྐྲུན་ཆེ་མོ་བའི་གོ་མིང་ཐོབ། 1943ལོར་ཧྲའོ་ཤའོ་དམག་དཔོན་གྱི་དམག་མིའི་གོ་ཐོབ་རག

    1944ལོའི་ཟླ་6པར། ཐང་ཏུའོ་ཡིས་སུའུ་ལེན་མཁའ་དམག་གི་ཐོན་ཤོག་74པའི་དངོས་སྦྱོང་ཐོན་ཀྲང་གཞོན་པའི་འགན་ཁུར་བ་དང་། འཇར་མན་གྱི་ཧྥ་ཤི་སིའི་དམག་དཔུང་དང་མཁའ་ཐོག་དམག་འཐབ་བྱེད་སྐབས་བྱས་རྗེས་ཡང་ཡང་བཞག ལོ་དེ་རང་གི་ཟླ་བདུན་པར་མིང་སི་ཁེར་བཅིངས་འགྲོལ་གཏོང་བའི་གཡུལ་འགྱེད་ཁྲོད་ཐང་ཏུའོ་ཡིས་དྲག་རྒོལ་གནམ་གྲུའི་ཐོན་ཤོག་གི་དབྱི་འར་10རྟགས་ཅན་གྱི་གནམ་གྲུ་24ཡི་སྣེ་ཁྲིད་དེ་དམའ་སར་འཕུར་ནས་འཇར་མན་གྱི་དཔུང་སྡེའི་རྒོལ་འཇོམས་གནམ་གྲུ་8དང་ཐན་ཁེ་བཅུ་གྲངས་ཁ་ཤས་གཏོར་བ་དང་དེའི་ནང་ཐང་ཏུའོ་གཅིག་པུས་ཐན་ཁེ་10ལྷག་ཙམ་གཏོར་ཡོད། དེར་བརྟེན་ཐོན་ཤོག་དེར“སུའུ་ལེན་གྱི་གོ་ཧྲག་སྲུང་དམག”གི་མཚན་སྙན་ཐོབ་པ་དང་ཐང་ཏུའོ་ལ་ལེ་ཉིང་གི་བྱས་རྗེས་གཟེངས་རྟཌ་གཅིག་ཐོབ།

    1945ལོར་ཕུའུ་ལུའུ་ཧྲི་ཤར་མའི་གཡུལ་འགྱེད་ཁྲོད་ཐང་ཏུའོ་ཡིས་ཉིན་གཅིག་ལ་བར་སྣང་དུ་ཐེངས་6འཕུར་བའི་ཟིན་ཐོ་བཏོད། ཐང་ཏུའོ་ཡིས་དེ་སྔ་དམག་འཐབ་གནམ་གྲུ་བཏང་ནས་འཇར་མན་ཧྥ་ཤི་སིར་འཐབ་རྩོད་དྲག་པོ་ཐེངས་100ལྷག་ཙམ་བྱས་པ་དང་བྱས་རྗེས་མངོན་གསལ་དོད་པོ་བཞག་ནས་ལེ་ཉིང་གི་བྱས་རྗེས་གཟེངས་རྟགས་དང་། དར་དམར་གྱི་བྱས་རྗེས་གཟེངས་རྟགས། སྐར་དམར་གྱི་བྱས་རྗེས་གཟེངས་རྟགས། སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་གི་བྱས་རྗེས་གཟེངས་རྟགས་བཅས་དང་དེ་བཞིན་རྒྱལ་སྲུང་དམག་འཁྲུག་ནང་འཇར་མན་ལས་རྣམ་པར་རྒྱལ་བའི་གཟེངས་རྟགས་སོགས་གཟི་བརྗིད་མཚན་སྙན་ཐོབ།

    1953ལོར་ཐང་ཏུའོ་ཁ་གྱེས་ནས་ལོ་30ཙམ་སོང་བའི་མེས་རྒྱལ་ལ་སླར་ཡང་་ཕྱིར་ལོག་བྱས། ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཁོང་ལ་མཇལ་འཕྲད་གནང་སྐབས“ང་ཚོས་སུའུ་ལེན་སྲིད་གཞུང་དང་འབྲེལ་གཏུག་ཐེངས་མང་བྱས་རྗེས་གཞི་ནས་ཁྱེད་རང་མེས་རྒྱལ་དུ་བསུ་ཐུབ་བྱུང་། ཁྱེད་ཀྱིས་སུའུ་ལེན་དུ་སྦྱངས་པའི་མཁའ་འགྲུལ་ཤེས་བྱ་དང་ལག་རྩལ་ང་ཚོའི་གཞོན་ནུ་ཚོར་ཡག་པོ་བསླབས་ཏེ་མི་དམངས་མཁའ་དམག་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་མངགས་བཅོལ་ཟབ་མོ་གནང་།

    (རྩོམ་པ་པོ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།