དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི“རྒྱལ་སྟོན་བསུ། ཤེས་དཔལ་ལག་ལེན་ཁྲོད་ང་ཡིས་འབད་”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-29

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་རྒྱལ་གཅེས་ལེགས་འབུལ་དང་། མཐུན་སྒྲིལ་མདུན་སྐྱོད། སྤྲོ་སེམས་རབ་འཁོལ་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་ཆེད། ཟླ་9ཚེས་26ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་པེ་ཅིང་དུ“རྒྱལ་སྟོན་བསུ། ཤེས་དཔལ་ལག་ལེན་ཁྲོད་ང་ཡིས་འབད” ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཤེས་དཔལ་ལག་ལེན་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་ཤེས་དཔལ་ལག་ལེན་ཁྲོད་ཞུགས་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། བརྙན་ལམ《ང་དང་ངའི་མེས་རྒྱལ》དང་། གླུ་གར《ལེ་དབར་ཁྲིའི་མངའ་ཁོངས》བརྗོད་དོན་གཙོ་བོའི་མཉམ་སྤྱོད《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང》གནས་ཚུལ་སྒྲོག་འགྲེལ《ཤེས་དཔལ་ལག་ལེན་གྱི་བྱ་སྤྱོད་སྤེལ་བ》སོགས་ཀྱི་ལེ་ཚན་ནང་མེས་རྒྱལ་གྱི་རི་ཆུར་དགའ་ཞེན་ཚད་མེད་དང་བསྟོད་པ་གྲངས་མེད་འབུལ་ལུགས་མཚོན་པར་བྱས་པ་དང་། ལས་རིགས་ཁག་གི་ཤེས་དཔལ་ལག་ལེན་ནང་ཞུགས་པའི་གཟུགས་བརྙན་མངོན་པར་དགའ་བསུ་ཡང་ཡང་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་འཆར་ཉེའི་སྐབས་སུ་རྒྱལ་ཡོངས་ས་གནས་ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ལ་བརྟེན་ནས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། རིག་རྩལ་འགྲེམས་འཁྲབ། འགྲེམས་སྟོན་སྒྲིག་གཤོམ། དམངས་ཕན་ཞབས་ཞུ་སོགས་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།