“མངོན་མིན་རིག་གནས་ཤུལ་བཞག”ཉམས་ལེན་གྱིས“དུས་ཆེན་གཉིས”དགའ་བས་བསུ་བ།
2025ལོའི་ཟླ་9ཚེས་27ཉིན། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་ཕུའུ་ཧྲན་ལམ་ཁྲོམ་གཞུང་ཅིན་ཡེ་ཆོན་ལམ་སྡེ་ཁུལ་གྱིས“རྒྱལ་སྟོན་བསུས་ནས་མཉམ་འཛོམས་ལ་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ། གྲོང་མི་ཚོས་འཁྲབ་སྟོན་ལ་ལྟ་བ་དང་། ཟླ་མཆོད་བག་ལེབ་བཟོ་བ། “མངོན་མིན་རིག་གནས་ཤུལ་བཞག”གི་ཁྲོམ་ར་སྐོར་བ་བཅས་བྱས་ཏེ་དུས་ཆེན་གྱི་རྣམ་པ་ཟབ་མོ་མྱོང་རོལ་གྱིས་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་དགའ་བས་བསུ་བཞིན་ཡོད། འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་ཧྥུའུ་ཧྲན་ལམ་ཁྲོམ་གཞུང་ཅིན་ཡེ་ཆོན་ལམ་སྡེ་ཁུལ་དུ་སྤེལ་བའི“རྒྱལ་སྟོན་བསུས་ནས་མཉམ་འཛོམས་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོར་ཕྲུ་གུ་ཚོས་རྒྱལ་དར་ཁྱེར་ནས་དགའ་སྤྲོའི་ངང་རྒྱུག་ཤར་གློད་བཞིན་པ།
འབྲེལ་ཡོད་གསར་འགྱུར།