“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་ཚོགས་ཡོངས་ཀྱི་ཆུ་སྤྱོད་ལས་ཕྱོད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།
ཉེ་ཆར། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤྱི་ཚོགས་ཡོངས་ཀྱི་ཆུ་སྤྱོད་ལས་ཕྱོད་དང་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། 《ལོ་ལྔ་ཚན་བཅུ་བཞི་པའི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་འཆར་གཞིའི》དམིགས་ཚད་ཀྱི་སྟོན་གྲངས་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།
ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2024ལོར་རྒྱལ་ཡོངས་ཀྱི་ཆུ་སྤྱོད་བསྡོམས་འབོར་སྨི་ངོས་གྲུ་དུང་ཕྱུར་5928ཟིན་པ་དང་། རྒྱལ་ཡོངས་ཀྱི་སྒོར་ཁྲིའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་སྤྱོད་ཚད་དང་སྒོར་ཁྲིའི་བཟོ་ལས་འཕར་ཐང་གི་ཆུ་སྤྱོད་ཚད་2020ལོ་ལས་17.7%དང་23.6%སོ་སོར་ཆག་ཡོད། ཞིང་འདྲེན་ཆུ་ནུས་ལྡན་བེད་སྤྱོད་བཏགས་གྲངས་0.580བར་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་གྱི་སྤྱི་པའི་ཆུ་མཁོ་འདོན་སྦུ་གུ་ནས་ཆུ་འཛག་ཚད་དང་འཕྲོ་བརླག་འགྲོ་ཚད་9%མན་བར་ཆག་ཡོད།
འབྲེལ་ཡོད་གསར་འགྱུར།