དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་དམག་གི་གྲུ་བབས་གནམ་གྲུ་རིགས་གསུམ་པོ་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་འཕུར་འབབ་སྦྱོང་བརྡར་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-29

    གསར་འགོད་པར་མཚོ་དམག་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་གཟིགས་ཞིབ་དང་ལེན་བྱས་པའི་ཅན-15Tརྟགས་ཅན་དང་། ཅན-35རྟགས་ཅན། མཁའ་ཟོན་-600རྟགས་ཅན་བཅས་ཀྱི་གྲུ་བབས་གནམ་གྲུ་རིགས་གསུམ་པོ་དེ་གོང་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་འཕུར་འབབ་སྦྱོང་བརྡར་ཐོག་མ་ལེགས་གྲུབ་བྱུང་བ་ལས། ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་གློག་ཁབ་ལེན་གྱི་འཕུར་འབབ་ཀྱི་ནུས་པ་ལྡན་པ་མཚོན་གྱི་ཡོད། དེ་ནི་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཐོབ་པའི་ཚད་བརྒལ་གཞན་ཞིག་རེད། དེར་མཚོ་དམག་གི་ཕྱོགས་སྒྱུར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།

    དེ་གོང་སྒྲིག་འཛུགས་བྱས་པའི་ཚོད་ལྟའི་སྦྱོང་བརྡར་གྱི་ལས་འགན་མང་པོའི་ནང་། མཚོ་དམག་གི་གནམ་གྲུའི་ཁ་ལོ་བ་མང་པོས་གྲུ་བབས་གནམ་གྲུ་རིགས་གསུམ་པོ་དེ་དག་བཏང་ནས་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་བདེ་བླག་ངང་འཕུར་འབབ་ཐུབ་སྟེ། རང་རྒྱལ་གྱིས་ཆ་ཚང་རང་བདག་ཞིབ་བཟོ་བྱས་པའི་གློག་ཁབ་ལེན་གྱི་འཕུར་འབབ་མ་ལག་དེ་གྲུ་བབས་གནམ་གྲུ་རིགས་མང་པོ་དང་འཚམ་མཐུན་ཡག་པོ་བྱུང་བ་ར་འཕྲོད་ཐུབ་པ་མ་ཟད། ད་དུང་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་གཅལ་ཡོངས་བེད་སྤྱོད་ཀྱི་ནུས་པ་རགས་ཙམ་ལྡན་ནས་རྗེས་མཐུད་ཀྱི་གྲུ་བབས་གནམ་གྲུ་སྣ་ཚོགས་གནམ་ཐང་གྲུ་གཟིངས་དཔུང་རུའི་ཁོངས་གཏོགས་སུ་འཇུག་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་5པར་མཚོ་ཐོག་ཚོད་ལྟ་ཐེངས་དང་པོ་བྱས་ཚུན། ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་འཆར་གཞི་ལྟར་གོ་རིམ་ལྡན་པའི་སྒོ་ནས་མཚོ་ཐོག་ཚོད་ལྟ་ཁག་བྱས་ཏེ། སྒྲིག་ཆས་སྣ་ཚོགས་སྒྲིག་སྦྱོར་སྙོམས་སྒྲིག་དང་སྤྱི་ཡོངས་ཀྱི་འཁོར་སྐྱོད་བརྟན་བརླིང་རང་བཞིན་གྱི་ཚོད་ལྟ་བྱེད་པར་བདེ་བླག་ངང་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།