རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་བོད་ལྗོངས་བོད་སྨན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཧའེ་རུང་མངར་ཆའི་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི། བོད་ལྗོངས་གཞོང་པ་ལྷ་ཆུའི་བོད་སྨན་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས། ས་གནས་ས་ཐོག་ཏུ་རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཁེ་ལས་ཀྱི་བོད་སྨན་ཞིབ་སྤེལ་དང་། ཐོན་སྐྱེད། བྲིན་འཚོང་། བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས། འབྲེལ་ཡོད་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ཀྱི་གསོ་བ་རིག་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དང་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མཉམ་ཤུགས་ཆགས་པར་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།