དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཐུས་མི་ཚོགས་པ་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་བཞི་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-29

    ཉིན་ཤས་གོང་། ཚོང་དོན་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་བཞི་པ(གཤམ་དུ“གྲངས་འཛིན་ཚོང་དོན་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཧང་ཀྲོའུ་འགྲེམས་ཚོགས་ཆེན་པོའི་ལྟེ་གནས་སུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་འགྲེམས་ཁང་དུ་གཟིགས་ཞིབ་གནང་བ་རེད།

    བོད་ལྗོངས་འགྲེམས་ཁང་དུ་ཐང་མིང་དབྱིན་དང་བཅས་པ་ལྷ་ས་བོད་ནེ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སི། ཐའེ་ཅི་རྩིས་འཁོར་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི་སོགས་འགྲེམས་ཞུགས་ཁེ་ལས་16གི་འགྲེམས་སྟེགས་སུ་ཕེབས་ཏེ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ངོ་སྤྲོད་དང་། རང་ལྗོངས་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་ཨང་དང་པོའི་ཡུལ་དངོས་ཀྱི་ཐད་གཏོང་རྣམ་པ། གྲངས་འཛིན་བོད་སྐད་དཔེ་དབྱིབས་ཆེན་པོ་སོགས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀྲག་མདངས་ཆེ་ཤོས་ལ་གཟིགས་པ་དང་འབྲེལ། འགྲེམས་ཞུགས་ཁེ་ལས་ཀྱི་ཐོན་རྫས་འགྲེམས་སྟོན་གནས་ཚུལ་ཞིབ་ཕྲ་གསན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།