ལྗོངས་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་25ཉིན་ལྗོངས་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ལིའུ་ཅང་གིས་གསུངས་དོན། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་ནི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད།མི་སྣ་འདེམས་པའི་ཚད་གཞི་ནན་པོ་བཟོ་བ་དང་དངོས་སྒྲུབ་ཀྱི་སྟོན་ཕྱོགས་མངོན་གསལ་དོད་དུ་བཏང་སྟེ། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་ལེགས་པའི་ཁྲོད་ནས་ཡག་པ་འདེམས་པ་དང་ཡག་པའི་ཁྲོད་ནས་སྟོབས་ཆེ་འདེམས་པ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཉམས་སད་ཐེག་པ་དང་། འཇོན་ཐང་གི་ཉམས་སད་ཐེག་པ། སྤྱོད་ཚུལ་གྱི་ཉམས་སད་ཐེག་པ་བཅས་ཀྱི་མི་སྣ་འབུར་དུ་ཐོན་པ་བྱས་ཏེ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་ཧྲག་སྒྲུག་ཧུར་ཐག་བྱེད་དགོས། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་སྐབས་བརྗེའི་དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་། སྐབས་བརྗེ་དང་འདེམས་བསྐོའི་སྒྲིག་འཛུགས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་ཁོར་ཡུག་གཏོད་པ་བཅས་བྱས་ནས་སྐབས་བརྗེའི་གོ་རིམ་ཁྲིམས་མཐུན་དང་། བརྒྱུད་རིམ་ཡོངས་བསྒྲགས། འདེམས་བསྐོ་བྱས་འབྲས་གོ་ཆོད། སྤྱོད་གཙང་གཞུང་དྲང་བཅས་ཡོང་བའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལྕག་སྐུལ་མཛུབ་ཁྲིད་ལ་དམ་འཛིན་ནན་པོ་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་འཁུར་བའི་གསོ་སྦྱོང་སྤེལ་བ་བཅས་བྱས་ཏེ་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།