ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་འགོ་ཚུགས་པ།
འདི་ནི་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་འགོ་ཚུགས་མཛད་སྒོའི་ཐོག་གཟབ་མཆོར་ལེགས་པར་སྤྲས་པའི་ལྟད་མོ་བ་ཡིན་པ།
ཉིན་ཤས་གོང་། མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་སེང་གེ་ཁ་འབབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་འགྲེམས་སྟོན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་སྐབས་འདིའི་བྱེད་སྒོར“གོ་རྟོགས་ཅི་ལས་མཐོ། ཡུལ་ལྗོངས་ཀུན་ལས་མཛེས། ཞང་ཞུང་གི་ལས་འཕྲོ། ཀྲུང་ཧྭ་ཡི་བླ་སྲོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཟླ་9ཚེས་26ནས་30ཉིན་བར་རྒྱུན་མཐུད་གཉེར་རྒྱུ་རེད།
འགོ་ཚུགས་མཛད་སྒོ“དྲ་ཐོག་ཐད་གཏོང་དང་ཡུལ་དངོས་སུ་འཁྲབ་སྟོན་ལ་ལྟ་བའི”རྣམ་པ་བརྒྱུད། དེ་གར་ཡོད་པའི་ལས་རིགས་ཁག་གི་སྐུ་མགྲོན་དང་། ལས་བྱེད་པ་དང་མང་ཚོགས། དེ་བཞིན་དྲ་ཐོག་གི་ལྟད་མོ་བ་བཅས་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ། ནང་དོན་གཏིང་ཟབ་པ་བཅས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་ཞིག་བཤམས་ཡོད། ད་ཐེངས་འཁྲབ་སྟོན་གྱི་དུས་ཡུན་སྐར་མ་80ཙམ་ཡིན་པ་དང་། འཁྲབ་སྟོན་པ་མི་ཐེངས་300ལྷག་ཙམ་ཞུགས་ཏེ་ཁྱོན་ཁྱད་ལྡན་ལེ་ཚན་ཁག་13འཁྲབ་པ་རེད།
འབྲེལ་ཡོད་གསར་འགྱུར།