དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཨན་ཧུའེ་བཟོ་སྐྲུན”གྱི་ངོ་མཚར་གཏམ་རྒྱུད་མུ་མཐུད་མཉམ་དུ་རྩོམ་པ།

    2025ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་ཟུར་བྲིས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཅུན་ཅེ།   |     སྤེལ་དུས།  2025-09-28

    འབྲི་ཆུ་དང་ཧོའེ་ཧོ་ཆུ་བོའི་ཆུའི་འབབ་རྒྱུད་ཀྱི་ས་གཞི་ཆེན་པོར་འདུ་ཚོཌ་གཟབ་རྒྱས་ཤིག་ལས་སླར་ཡང་གོ་ལ་ཧྲིལ་པོའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཟླ་9ཚེས་20ནས་ཚེས་23ཉིན་བར། 2025ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ཨན་ཧུའེ་ཧོ་ཧྥེ་རུ་འཚོགས་པ་རེད།

    རིག་ནུས་ལ་བརྟེན་ནས་འཛམ་གླིང་དང་མཛེས་སྡུག་གཏོད། འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ནི་བློ་རིག་གཅིག་སྡུད་ཀྱི་མཐོ་ས་དང་། གོ་སྐབས་མཉམ་སྤྱོད་ཀྱི་ལས་སྟེགས། འཛམ་གླིང་འབྲེལ་མཐུད་ཀྱི་སྦྲེལ་ཟམ་བཅས་རེད། ཨན་ཧུའེ་ལ་སྲོལ་རྒྱུན་གྱི་ཞིང་ལས་ཞིང་ཆེན་ཆེན་པོ་ནས་གསར་དར་བཟོ་ལས་ཞིང་ཆེན་ཆེན་པོ་དང་བཟོ་སྐྲུན་ལས་རིགས་ཞིང་ཆེན་ཆེན་པོ་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ལ། ཚོགས་ཆེན་གྱིས་འཕེལ་རྒྱས་བརྒྱུད་རིམ་གྱི“བཀྲག་མདངས་འཚེར་བའི་དུས་བཟང”འདིའི་བདེན་དཔང་ཡང་བྱས་ཡོད།

    འགོ་ཚུགས་མཛད་སྒོ་དང་གཙོ་དོན་གཏམ་བཤད་ཀྱི་ལྷུ་ཚིགས་ནང་རྒྱལ་ཁབ་40ལྷག་ཙམ་གྱི་སྲིད་གཞུང་གི་དཔོན་རིགས་དང་། ཁེ་ལས་པའི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་མཉམ་དུ་འཛོམས་ནས་ཚན་རྩལ་དང་ཐོན་ལས་འཕོ་འགྱུར་གྱི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་། ཐབས་ལམ་གསར་པ། གོ་སྐབས་གསར་པ་བཅས་འཚོལ་ཞིབ་བྱས་ཡོད།

    “སྲོལ་རྒྱུན་བཟོ་སྐྲུན་ནས་ཚན་རྩལ་མཐོ་བའི་རིག་ནུས་ཐོན་སྐྱེད་བར་དང་། ‘ཀྲུང་གོའི་ཨན་ཧུའེ’ནས‘འཛམ་གླིང་གི་ཨན་ཧུའེ’བར། གནས་འདིར་ནུས་རྒྱུ་གསར་པའི་རླངས་འཁོར་དང་། འོད་ཤུགས་ལག་རྩལ། མི་ཐབས་རིག་ནུས། དེ་བཞིན་གྲངས་འཛིན་བཀོལ་སྤྱོད་སོགས་ཀྱི་ཐོན་རྫས་དང་ཐག་གཅོད་ཇུས་གཞི་ཐོན་ཡོད། ཨན་ཧུའེ་ཡིས་བཟོས་པའི་ཐོན་རྫས་ཀྱིས་གོ་ལ་ཧྲིལ་པོའི་ཁྲོམ་རར་སྤུས་ཚད་མཐོ་བའི་ལག་རྩལ་དང་ཐོན་རྫས་འབོར་ཆེན་མཁོ་སྤྲོད་བྱེད་བཞིན་ཡོད”ཅེས་གོ་ལ་ཧྲིལ་པོའི་ཁེ་ལས་འབྲིང་ཆུང་མནའ་འབྲེལ་གྱི་མཚན་འཛིན་ཀྲུའུ་ཞི་ཁེ་ལི་སི་ཏི་ཨན་·ཝུའུ་ཨེར་ཧྥུ་ཡིས་བརྗོད།

    སི་ལོ་ཝ་ཁེ་ཡ་ནི་སྐབས་འདིའི་འཛམ་གླིང་བཟོ་སྐྲུན་ལས་རིཌ་ཚོཌ་ཆེན་གྱི་གཙོ་མགྲོན་རྒྱལ་ཁབ་ཅིག་ཡིན་ཞིང་། མི་རིང་བའི་གོང་། སི་ལོ་ཝ་ཁེ་ཡ་ཡིས་ནུབ་རྒྱུད་ཀྱི་ཧྲུའུ་ལཱ་ཉི་བཟོ་ལས་གླིང་ཁུལ་གྱི་མ་འཇོག་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་མ་འཇོག་ལ་རིམ་སྤོར་བྱས་ནས། ཨན་ཧུའེ་ཡི་ཁེ་ལས་ཀོ་ཤོན་ཚན་མཐོ་མ་རྐང་ཚད་ཡོད་ཀུང་སི་འཛུགས་སྐྲུན་ལ་ཞུགས་པའི་སི་ལོ་ཝ་ཁེ་ཡའི་གློག་རྫས་རིམ་འདས་བཟོ་གྲྭ་ཐོག་མ་སྟེ། ཀོ་ཤོན—དབྱི་ནོ་པཱ་ཐེ་གློག་རྫས་བཟོ་གྲྭ་དེ་གར་འཛུཌ་རྒྱུ་རེད།

    སི་ལོ་ཝ་ཁེ་ཡའི་དཔལ་འབྱོར་པུའི་རྒྱལ་དོན་དྲུང་ཡིག་ཧྥུ་ལཱ་ཅི་སྨིར·ཞི་མོང་ཉི་ཡཱ་ཁེས“སི་ལོ་ཝ་ཁེ་ཡའི་བཟོ་ལས་གྲུབ་ཚུལ་ཨན་ཧུའེ་དང་འདྲ་པོ་ཡོད། རླངས་འཁོར་བཟོ་ལས་དང་འཕྲུལ་ཆས་བཟོ་སྐྲུན་ཐད་ཨན་ཧུའེ་ཡིས་ང་ཚོར་མིག་དཔེ་བཟང་པོ་བཏོན་ཡོད”ཅེས་བརྗོད།

    མིག་སྔར། གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མཁོ་སྤྲོད་འཁོར་འབྲེལ་བཅས་བསྐྱར་སྒྲིག་མགྱོགས་མྱུར་བྱེད་བཞིན་ཡོད། ཀྲུང་གོ་དང་དེ་བཞིན་ཨན་ཧུའེ་ཡི་བཟོ་སྐྲུན་ལས་རིགས་ཀྱིས་དུས་བབ་དང་ཇི་ལྟར་བསྟུན་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཁྲོད་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་སམ།

    ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་རྒྱལ་ཁབ་ཀྱི་བཟོ་སྐྲུན་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་འཐབ་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲོའུ་ཅི་ཡིས། རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ནི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། རྩེར་སོན་ཅན་ལ་དམིགས་ནས་ལག་རྩལ་ཡར་རྒྱས་ལ་བརྟེན་ཏེ་དཔལ་འབྱོར་རྣམ་པའི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་བཏང་ནས། “གཞན་ལས་ལྷག་པ”ཡོང་བར་བྱེད་དགོས། རིག་ནུས་ཅན་ལ་དམིཌ་ནས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་ཅན་ལ་དམིགས་ནས། ལྗང་མདོག་ནུས་རྒྱུའི་གསར་བརྗེ་སྣེ་ཁྲིད་དུ་བྱས་ཏེ། འཐུས་སྒོ་ཚང་བའི་ལྗང་མདོག་ནུས་རྒྱུའི་མ་ལག་སྐྲུན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཨན་ཧུའེ་ཡི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་ཀྱི་སྒོ་དབྱེའི་ལས་སྟེགས་ཤིག་ཡིན་པའི་སྐབས་འདིའི་འཛམ་གླིང་བཟོ་སྐྲུན་ལས་རིཌ་ཚོགས་ཆེན་ལ་ཕྱི་རྒྱལ་སྐུ་མགྲོན་གྱིས་བཟུང་བའི་བསྡུར་ཚད་50%ལྷག་ཙམ་ཟིན་ཡོད། སྒོ་དབྱེ་མཉམ་ལས་ཀྱི་འཛམ་གླིང་བཟོ་སྐྲུན་ལས་རིཌ་ཚོགས་ཆེན་ལས་འཛམ་གླིང་གིས་ཀྲུང་གོའི་སྒོ་མོ་འབྱེད་ཤུགས་སྔར་བས་ཆེ་རུ་འགྲོ་ངེས་ཡིན་པ་མཐོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།