གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་བཞི་པ་ཧང་ཀྲོའུ་རུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གནས་ཚུལ་འབྱོར་གསལ། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སྐབས་བཞི་པ་ཀྲེ་ཅང་ཧང་ཀྲོའུ་རུ་འཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཝང་ཏུང་མིང་གིས་བསྟན་དོན། གྲངས་འཛིན་ཚོང་དོན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་ཚོང་དོན་རྒྱ་སྐྱེད་དང་འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལའང་སྒུལ་ཤུགས་དང་གསོན་ཤུགས་བསྣན་ཡོད། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ལག་ལེན་ཧུར་ཐག་བསྟར་བ་དང་ཆབས་ཅིག བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་ཡང་དག་པའི་ཕྱོགས་སུ་ལངས་ནས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་ཀྱིས་ཐུན་མོང་ཐོག་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་དང་། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་བཅོས་སྐྱོང་མ་ལག་འཛུགས་པ། གྲངས་འཛིན་ལག་རྩལ་གསར་གཏོད་ཉེར་སྤྱོད་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཚོང་དོན་གྱི་གྲུབ་འབྲས་ཡོངས་ཁྱབ་མཉམ་སྤྱོད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་ལ་སྒོ་དབྱེ་དང་མཉམ་ལས་ཁྲོད་གཉིས་ཁེ་གཉིས་ཕན་དང་། ཐུན་མོང་དར་རྒྱས། ཡུན་རིང་འཕེལ་རྒྱས་བཅས་ཡོང་བ་བྱེད་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།