དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་སྐབས་ཉེར་བརྒྱད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-28

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་24ཉིན། “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་སྐབས་ཉེར་བརྒྱད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱི་རིགས་རང་སྐྱོང་ཀྲོའུ་ཤིས་ཁྲང་གྲོང་ཁྱེར་དུ་གཉེར་བ་རེད།

    སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིན་ཕེང་གིས་བྱེད་སྒོའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་དང་འཛུགས་གཏོད་ཧུར་ཐག་བྱས་ཏེ། གཞི་རྩའི་ཁྱབ་གདལ་ནས་སྤུས་ཚད་མཐོ་བའི་ཁྱབ་གདལ་ཡོང་བར་བྱེད་དགོས་ཞེས་བརྗོད་པ་རེད།

    བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རིང་། ད་དུང་སྤྱི་སྐད་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན་དང་སྐད་ཡིག་ལས་དོན་གྱི་གྲུབ་འབྲས་ཐང་ཆེན་དུ་འགྲེམས་སྟོན་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་བཟང་གསོ་སྐྱོང་གི་རྣམ་པ་གསར་པ་བཏོད་པའི་ནུས་པ་དང་ཕན་འབྲས་མངོན་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།