དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཀྲུང་གོ་ཡི་མཚན་ཉིད·ཕུགས་བསམ་གྱི་རྒྱལ་ས”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲཌ་བྱེད་སྒོ་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-28

    ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱ་བརྒྱུད་བསྒྲགས་ཅུས་དང་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའི་མཛུབ་ཁྲིད་འོག ཉེ་ཆར། “ཀྲུང་གོ་ཡི་མཚན་ཉིད·ཕུགས་བསམ་གྱི་རྒྱལ་ས”ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་པེ་ཅིང་དུ་འགོ་ཚུགས་པ་རེད།

    འགོ་ཚུགས་མཛད་སྒོར་རིགས་གཅིག་མཁས་ཅན་དང་། རིག་གནས་པ་གྲགས་ཅན། གཞོན་ནུའི་མིག་དཔེ། ལྕགས་རི་རིང་པོའི་སྲུང་སྐྱོང་བ། རིག་གནས་ཡུལ་སྐོར་དཔོད་བདག་སོགས་གདན་དྲངས་ནས་AIབརྙན་ལམ་དང་ཟློས་གར་ཐུང་ངུ་སོགས་བྱ་ཐབས་བརྒྱུད་པེ་ཅིང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་རྒྱལ་སའི་རིག་གནས་དང་། གཏིང་ཟབ་ཅིང་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས། ཐུན་མོང་མ་ཡིན་པའི་པེ་ཅིང་གི་ཁྱད་ལྡན་རིག་གནས། དབྱར་མཚོ་རྒྱས་པ་ལྟར་དར་བའི་གསར་གཏོད་རིག་གནས་བཅས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།