ལེའོ་ཉིང་གིས་ཐབས་མང་མཉམ་སྤྱོད་ཀྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་ཆར། ལེའོ་ཉིང་ཞིང་ཆེན་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ཁྱབ་བསྒྲགས་བྱས་ནས། དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་ཁེ་ལས་ཀྱི་ཁེ་དབང་འགན་སྲུང་བྱེད་པ། ཞབས་ཞུ་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ལ་དམིགས་ཏེ་བྱེད་ཐབས་ཁག་27བཏོན་པ་རེད།
བྱེད་ཐབས་འགའ་ཞིག་ནང་བཏོན་དོན། “བཀག་རྒྱ་མེད་ན་བྱེད་ཆོག་པ”ཡོངས་ཁྱབ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། དྲང་གཞག་འགྲན་རྩོད་ཀྱི་ཞིབ་དཔྱད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་རའི་བགོ་བཤའ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། སྲིད་གཞུང་གི་ཉོ་སྒྲུབ་བཅད་གྲངས་ཚད་གཞི་ཡན་དང་། སྒོར་ཁྲི་200མན་གྱི་དངོས་ཟོག་དང་ཞབས་ཞུའི་ཉོ་སྒྲུབ་རྣམ་གྲངས་དང་། སྒོར་ཁྲི་400མན་གྱི་ལས་གྲྭའི་ཉོ་སྒྲུབ་རྣམ་གྲངས་དག་ཁེ་ལས་འབྲིང་ཆུང་གིས་མཁོ་འདོན་བྱ་རྒྱུར་འཚམ་རིགས་ཆེད་མངགས་ཁེ་ལས་འབྲིང་ཆུང་ལ་ཕྱོགས་ནས་ཉོ་སྒྲུབ་བྱེད་དགོས།
བྱེད་ཐབས་འགའ་ཞིག་ནང་ཁ་གསལ་བཏོན་དོན། སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རིཌ་དབྱེའི་གནད་སྨིན་རོགས་སྐྱོར་བྱས་ནས། སྒེར་གཉེར་ནས་ཁེ་ལས་སུ་བསྒྱུར་པའི“དོན་དག་གཅིག”གི་ལས་སྟེགས་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཅུང་ཆེ་གྲས་དང་རྣམ་གྲངས་རྐྱང་པ་ཨང་དང་པོའི་ཁེ་ལས་སོགས་ལ་དམིགས་ནས། སྐྱེད་སྲིང་མཛོད་རིམ་དབྱེ་རིགས་དབྱེའི་ངང་བཙུགས་ཏེ་གནད་སྨིན་ཞབས་ཞུ་དང་སྟབས་བསྟུན་དོ་དམ་བྱེད་དགོས། ཁེ་ལས་ཀྱིས་རྒྱལ་ཁབ་རིམ་པའི་རིག་ནུས་བཟོ་གྲྭ་འཛུགས་པར་ལྕག་སྐུལ་བྱས་ཏེ་གསར་དུ་བདམས་ཐོན་བྱུང་བར་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་100སྤྲོད་དགོས།
འབྲེལ་ཡོད་གསར་འགྱུར།