ཟླ་བ་བརྒྱད་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་26838ཞིབ་བཤེར་ཐག་གཅོད་བྱས་པ།
ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚུགས་ཐོག་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་གྱི་ཟླ་རེའི་གོང་ཞུའི་གྲངས་གཞི་ཡོངས་བསྒྲཌ་བྱས་ཤིང་། བརྡ་ཁྱབ་ལས་མངོན་པར། འདི་ལོའི་ཟླ་8པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་ཁག་26838ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི་34480(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་4དང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་110ཚུད་པ)ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། མི་23547ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་8པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་ཁག་13030ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི་17156ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད། དེའི་ནང“འགན་འཁྲི་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ལ་ཞབས་འདེགས་ཞུ་བའི་ཐད་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་པའི་ལས་རྙོག་བཟོ་བ་སོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི”ཐད་ཀྱི་གནད་དོན་མང་ཤོས་ཡིན་ཞིང་། གྱོད་གཞི་10878ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་14397ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་8པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་ཁྱོན་ཁག་13808ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་17324ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད། དེའི་ནང་རྩ་ཆེའི་ཐོན་རྫས་དང་། ལག་རྟགས་དང་འབུལ་རྟེན་སྒྲིག་འགལ་ངང་ལེན་སྤྲོད་བྱས་པའི་གནད་དོན་ཁག་7377དང་། ཕོགས་སྣོན་དང་ཁ་གསབ་བམ་ཡང་ན་ཕན་བདེ་སྒྲིག་འགལ་ངང་སྤྲད་པའི་གནད་དོན་ཁག་1654 སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་ཁག་3213བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།