ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་རིམ་སྤེལ་འགྲན་བསྡུར་འགོ་བཙུགས་པ།

འདི་ནི་འགྲན་ཞུགས་བདམས་ཐོན་པ་ཚོས་ཇ་མདོང་ནང་ཇ་སྲུབ་བཞིན་པ།
ཉེ་དུས། དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ་ཉི་འོད་རབ་ཏུ་འཕྲོས་ནས་རྣམ་པ་གསར་འབྱེད་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཏེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོའི་རིམ་སྤེལ་འགྲན་བསྡུར་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ནང་གླུ་གར་གྱི་འགྲན་བསྡུར་དང་། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར། དུས་རབས་ཀྱི་ཉམས་འགྱུར་མངོན་པའི་དེང་རབས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཤོམ་སྟོན་བཅས་དང་དེ་བཞིན་སྤྲོ་སྣང་གི་རྣམ་པ་པར་ལེན་འགྲན་བསྡུར་བཅས་ཚུད་ཡོད་ཅིང་། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད།
འགྲན་བསྡུར་དྲག་པོ་ཐེངས་མང་བྱས་པ་བརྒྱུད་དཔྱད་འདེམས་ཨུ་ལྷན་ཚོས་འཁྲབ་རྩལ་དང་། བརྩེ་སེམས་མཚོན་སྟངས། རྩལ་ནུས་བྱང་ཆུབ་ཚད། ཇུས་འགོད་གསར་གཏོད། བཟོ་རྩལ་ཞིབ་ཚགས། རིག་གནས་ནང་དོན་སོགས་ཁག་མང་པོ་ནས་དཔྱད་ཞིབ་བྱས་ཏེ་མཐར་འགྲན་བསྡུར་རྣམ་གྲངས་ལ་བྱ་དགའ་རིམ་པ་དང་པོ་1དང་། གཉིས་པ་1 གསུམ་པ་1བཅས་སོ་སོར་བདམས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།