དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཉམ་སྤྲོ་མཉམ་འདྲེས། མཐུན་སྒྲིལ་འབད་འབུངས།

    ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-28

    འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་འདིར་དམ་པོར་དམིགས་ཏེ“སེ་འབྲུའི་རྡོག་བཞིན་གོང་བུ་གཅིག་ཏུ་འགྲིལ་བའི”སྤུས་རྟགས་བྱེད་སྒོ་འབྲེལ་ཐག་ཏུ་བྱས་ནས། མི་རིགས་ཁག་གི་ལས་བྱེད་པ་དབར་སྙིང་གཏམ་ཤོད་རེས་དང་། གཞོན་ནུ་ལོ་ཆུང་དབར་ཆ་སྒྲིག་འཚར་ལོངས། ཞིང་འབྲོག་དབར་རོགས་རེས་འབབ་འཕར། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་དབར་སེམས་མཐུན་ཕྱོགས་མཚུངས་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། ཞིང་ནང་དང་གྲོང་གསེབ་ནས་སློབ་གྲྭའི་སློབ་ཁྲིད་བར་དང་རིག་གནས་གར་སྟེགས་ནས་ལུས་རྩལ་འགྲན་རའི་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཉིན་རེ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། “སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན”བཅས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། མཐུན་སྒྲིལ་འབད་འབུངས་ཀྱི་གླུ་དབྱངས་ས་མཐོའི་ལུང་ཤུར་དུ་གྲགས་བཞིན་ཡོད།

    2025ལོར“ཀོང་ཏུང་དང་བོད་ལྗོངས་དུས་རབས་གསར་པར་མཉམ་དུ་སྐྱོད། སེ་འབྲུའི་རྡོག་པོ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོའི་ཁྲོད། ཀོང་ཏུང་ཀྲུའུ་ཧའེ་དང་ཏུང་ཀོན་ནས་ཡིན་པའི་གཞོན་ནུ་ལོ་ཆུང་60ལྷག་ཙམ་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་སློབ་མ་80ལྷག་ཙམ་དང་ཆ་སྒྲིག་སྤེལ་རེས་བྱས་ཏེ་འཚར་ལོངས་གླེང་བ་དང་མཉམ་དུ་འཁྲབ་སྟོན་བྱས་ཏེ་མཛའ་གྲོགས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ་གཞོན་ནུ་ལོ་ཆུང་རྣམས་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་བྱེད་སྒོ་སྣ་ཚོགས་བརྒྱུད་སྤེལ་རེས་ལས་སྟེགས་བཙུགས་ཤིང་། ཕུལ་བྱུང་གཞོན་ནུ་ལོ་ཆུང་200ལྷག་ཙམ་སྒྲིག་འཛུགས་ཀྱིས་ཧྲང་ཧའེ་དང་། ཡུན་ནན། ཀོང་ཏུང་སོགས་སུ་བསྐྱོད་དེ“ཧྲང་ཧའེ་དང་བོད་ཀྱི་གཞོན་ནུ་ལག་གདང་སྦྲེལ”དང“གངས་ལྗོངས་ཀྱི་བུ་ཕྲུག་འབྲི་ཆུའི་ལྷོ་རྒྱུད་དུ་བསྐྱོད་པ”སོགས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་ནས་ལང་ཚོའི་བྱ་སྤྱོད་ལ་བརྟེན་ཏེ་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་མངོན་པར་བྱས་ཡོད།

    འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“ནང་འདྲེན་དང་ཕྱིར་སྐྱོད”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཤེས་ལྡན་པ་སྤེལ་རེས་ཀྱི་ཁྱབ་རྒྱ་དང་ཟབ་ཚད་རྒྱུན་མཐུད་ཆེ་རུ་བཏང་ཡོད། འདི་ལོའི་ཟླ་6པའི་ཟླ་མཇུག་ཏུ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཁག་དང་པོའི་ལས་བྱེད་ཤེས་ལྡན་པ་130ཉིང་ཁྲིར་འབྱོར་ནས་མགྱོགས་མྱུར་ལས་དོན་ནང་ཞུགས་ཏེ། ཀོང་ཏུང་དང་བོད་ལྗོངས་དབར་གྱི་བརྩེ་བ་ཟབ་མོའི་རྒྱུན་བསྐྱངས་པ་དང་། ཉིང་ཁྲིས་ཕུལ་བྱུང་ལས་བྱེད་པ་70ནག་ཆུ་དང་། མངའ་རིས། སི་ཁྲོན་གཡག་རྔ་བཅས་སུ་གནས་སྦྱར་སློབ་སྦྱོང་བྱེད་པར་མངགས་ཏེ་ལག་ལེན་གྱི་སྦྱོང་བརྡར་ཁྲོད་འཇོན་ཐང་ཆེ་རུ་བཏང་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཡོད། ལས་ཞུགས་ཐད་མཐོ་སློབ་སློབ་ཐོན་སློབ་མ་11ཀོང་ཏུང་གི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་བརྒྱུད་ཞིང་སྒྲོལ་ལས་ཞུགས་ཐུབ་པ་དང་ལྗོངས་ཕྱི་ནང་གི་ལས་གནས་ཁྲི་1.1ལྷག་ཙམ་མང་ཚོགས་ཚོར་གནད་སྨིན་ངང་མཁོ་འདོན་བྱས་ཡོད། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པ་25988ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་2.47བྱུང་བས“ལས་ཞུགས་ཕྱུག་འགྱུར”དང“མི་རིགས་མཐུན་སྒྲིལ”གཉིས་ཀ་བྱུང་ཡོད།

    གཞན་ཡང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ཏང་ཕྱིའི་ཤེས་ཡོན་ཅན་མང་པོ་ས་གནས་ཁག་ཏུ་ལྟ་སྐོར་སློབ་སྦྱོང་ལ་བསྐྱོད་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང“ལུས་རྩལ་དང་མི་རིགས་མཐུན་སྒྲིལ་ཟུང་དུ་འབྲེལ་བའི”རྣམ་པ་གསར་གཏོད་དང་ཁྱབ་གདལ་བཏང་ནས། འགྲན་བསྡུར་སྣ་ཚོགས་བརྒྱུད་མི་རིགས་ཁག་གི་མང་ཚོགས་མཉམ་འགུལ་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད། ད་བར“རི་བོ་གནམ་ལྕགས་འབར་བ་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སྐབས་27བསྟུད་མར་གཉེར་བ་དང་། འདི་ལོ་ཞིང་ཆེན་དང་རང་སྐྱོང་ལྗོངས་7གྱི་འཐུས་མིའི་རུ་ཁག་18གདན་དྲངས་ནས། སྤོ་ལོར་བརྟེན་ཏེ་གྲོགས་པོ་སྒྲིག་པ་དང་མཛའ་གྲོགས་ཟབ་ཏུ་བཏང་བ་དང་། ཀྲུང་ནེའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དང་། ས་མཐོའི་ལམ་ཕྱེད་མར་སུན་འགྲན་རྒྱུག བདེ་ཐང་སྒོར་གཞས་འགྲན་བསྡུར་ཆེན་པོ་བཅས་གཉེར་བ་ནི་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། ལྷག་པར་དུ“སེ་འབྲུའི་བུམ་པ”སྐབས་གཉིས་པར་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ཁྲོད་ཉིང་ཁྲིའི་གཞོན་ནུ་ལོ་ཆུང་24ལ་ཨང་གཉིས་པ་ཐོབ་པ་མ་ཟད། ཀུའེ་ཀྲོའུ་དང་ཤིན་ཅང་སོགས་ཀྱི་སློབ་མ་130ལྷག་ཙམ་དང་ཆ་སྒྲིག་སྤེལ་རེས་ཀྱང་བྱས་པས། རྐང་རྩེད་སྤོ་ལོ་དེ་ཉིད་མི་རིགས་དབར་གྱི་བརྩེ་བ་དང་རིག་གནས་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཟམ་གསར་པ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།