དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་མུའུ་ཐ་ལི་ཁཱ་མ་ལ་ཝེའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སེ·པི་ཏེ·མུའུ་ཐ་ལི་ཁཱ་ལ་གློག་འཕྲིན་བཏང་ནས་ཁོང་མ་ལ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མ་ལ་ཝེ་ནི་ཟོལ་མེད་མཛའ་མཐུན་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་རེད། ཙུང་ཐུང་ལ་བདམས་ཐོན་བྱུང་བའི་མུའུ་ཐ་ལི་ཁཱ་ཡིས་2007ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་གོ་དང་མ་ལ་ཝེའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་དང་བདེ་བླག་བྱུང་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་བྱེད་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ། ཕན་ཚུན་དབར་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ངས་བདམས་ཐོན་བྱུང་བའི་ཙུང་ཐུང་མུའུ་ཐ་ལི་ཁཱ་དང་མཉམ་དུ་འབད་བརྩོན་བྱས་ནས། བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་གཉིས་ཕན་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་མ་ལ་ཝེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་སྐྲུན་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།