དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐེན་ཧྲན་ལྷོ་བྱང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-27

    འདི་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཤིན་ཅང་གི་ལོ་ངོ་70ཡི་རིང་གི་འཕེལ་རྒྱས་གྲུབ་འབྲས་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་མི་རྣམས་སྐུལ་ལྕག་ཐུབ་པ་ཞིག་ཡོད་པ་དེས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཤིན་ཅང་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། མི་རིགས་ཁག་གི་མི་དམངས་ཁྲི་ཚོ་2600ལྷག་ཙམ་གྱིས་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་མ་ཐེབས་བཞིན་ཡོད།

    ཤིན་ཅང་ནི་མེས་རྒྱལ་གྱི་ནུབ་བྱང་དུ་གནས་ཡོད་པས་འཐབ་ཇུས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེ། དུས་རབས་གསར་པ་ཚུན་དུ། ཤིན་ཅང་འདི་ཉིད་ལོ་རྒྱུས་ཀྱི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ནུབ་ཕྱོགས་ལ་སྒོ་མོ་དབྱེ་བའི་ཟམ་སྣེའི་མཁར་རྫོང་གཏོད་པ་ནས་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་སྐྲུན་པའི་བར། ཤིན་ཅང་འདི་ཉིད་སྐམ་སའི་དབུས་ཁུལ་ནས་སྒོ་དབྱེའི་མདུན་ཕྱོགས་སུ་འགྱུར་བར་སྣེ་ཁྲིད་བྱས་པ་དང་། “ཤིན་གློག་ཕྱིར་གཏོང”ནས“ཤིན་ཅང་གི་རྩིས་ནུས་ཁྲུང་ཆིང་དུ་འདྲེན་པའི” བར། ཤིན་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོས་པར་བདེན་དཔང་བྱས་ཡོད། ད་ཆའི་ཤིན་ཅང་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་བཞིན་ཡོད།

    ཐང་ཤིང་ཆེན་པོའི་རྩ་བ་གཅིག་ཏུ་སྦྲེལ། སེ་འབྲུའི་རྡོག་པོ་གོང་བུ་གཅིག་ཏུ་སྒྲིལ། ཤིན་ཅང་གི་ལོ་ངོ་70ཡི་རིང་གི་འགྱུར་ལྡོག་ཆེན་པོར་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་ཀྱི་རྔུལ་ཆུ་འདུས་པ་དང“མི་རིགས་ཁག་མཐུན་སྒྲིལ་ཆེན་པོའི་ཀྲུང་གོ་ནི་ཕྱོགས་གང་དུ་བསྐྱོད་ཀྱང་རྣམ་པར་རྒྱལ་ངེས་ཡིན་ལ། འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡང་ལྡན་ངེས་ཡིན་པ”ར་སྤྲོད་གང་ལེགས་ཐུབ་ཡོད། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། ཀྲུང་དབྱང་གིས་བསྩལ་བའི“འཐབ་ཇུས་ཀྱི་ངེས་གནས་ཆེན་པོ་ལྔ”ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་དང་སྙིང་རུས་གཏན་འཁྱོངས་བྱས་ན། རྒྱང་ལམ་གསར་པར་ཐེན་ཧྲན་ལྷོ་བྱང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།