དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.17གསར་དུ་སྒྱུར་བཀོད་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.17གསར་དུ་སྒྱུར་བཀོད་བྱེད་འགོ་བཙུགས་ཡོད་པ་རེད།

    2025ལོར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་2.5གསར་དུ་སྒྱུར་བཀོད་བྱེད་རྩིས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2019ལོ་ནས་2024ལོའི་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་ཁུལ་ཆུང་རྙིང་པ་ཁྲི་28སྒྱུར་བཀོད་བྱས་པར་གྲོང་མི་དུད་ཚང་ཁྲི་4800ཡི་མི་དུང་ཕྱུར་1.2ལས་བརྒལ་བར་ཕན་པ་ཐོབ་ཅིང་། ཁྱོན་མདོང་ལམ་དང་གློག་སྐུད་རྙིང་པ་སྣ་ཚོགས་སྤྱི་ལེ་ཁྲི་36སྒྱུར་བཀོད་རིམ་སྤོར་བྱས་པ་དང་། རླངས་འཁོར་འཇོག་ས་ཁྲི་387གསར་དུ་བསྐྲུན་པ། རྒན་གསོ་དང་བུ་བཅོལ་སོགས་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས་ཁྲི་7.8འཛུགས་སྐྲུན་བྱས་ཡོད་པ་རེད།

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས“ལོ་ལྔ་ཚན་བཅུ་བཞི་པའི”གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་ཐོག་ལས་དོན་དེར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས། ཁུལ་ཆུང་གི་མདོང་ལམ་དང་གློག་སྐུད་རྙིང་པ་སྒྱུར་བཀོད་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་། སྐྲུན་དངོས་ཀྱི་ངོས་དང་། ཕྱིའི་གྱང་། སྐས་ཀ་སོགས་ལ་ཉམས་གསོ་དང་། ཁུལ་ཆུང་གི་ཁོར་ཡུག་དང་སྒྲིག་བཀོད་ཆ་ཚང་སྒྱུར་བཀོད་འཛུགས་སྐྲུན། ཁུལ་ཆུང་གི་སྐྲུན་དངོས་ཀྱི་ནུས་བསྲི་སྒྱུར་བཀོད་བཅས་བྱས་ནས། ཆ་རྐྱེན་འཛོམས་པའི་ཐོག་ཁང་ལ་གློག་སྐས་བསྒར་བར་རྒྱབ་སྐྱོར་བྱས་ཏེ། མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།