དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་རྨོ་ཞིང་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར་10.86ཟིན་པ།

    ཐིགས་ཆུ་དང་ཐོར་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་དུང་ཕྱུར་1ལས་བརྒལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-27

    གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཆུ་བེད་སྡེ་ཚན་གྱིས་ཆུ་འདྲེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཤིང་། ཟླ་བ་6པ་ཚུན། བྱང་ཤར་དང་། རྨ་ཆུ་དང་། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། འབྲི་ཆུའི་དབུས་སྨད་རྒྱུད། ལྷོ་ནུབ་སོགས་སྟོན་འབྲུ་ཐོན་ཁུལ་གཙོ་བོར་དམིགས་ནས། ཆུའི་ལས་གྲྭ་གཙོ་བོ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་ཆེན་སོགས་སྟོན་འབྲུའི་ཆུ་འདྲེན་འགན་ལེན་བྱས་ཡོད། ཟླ་བ་9པའི་ཟླ་དཀྱིལ་བར། དབྱར་ཆུ་འདྲེན་པར་རིམ་རྩིས་བརྒྱབ་ན་ཆུ་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2000ཙམ་མཁོ་འདོན་བྱས་པ་དང་རྨོ་ཞིང་མུའུ་དུང་ཕྱུར་8ཙམ་ལ་ཆུ་དྲངས་ཡོད།

    ཆུ་བེད་པུའུ་ཡིས་ཞིང་ཆུ་འདྲེན་ཁུལ་གྱི་རྣམ་གྲངས་དེ་ཆུ་བེད་ཁྱབ་ཁོངས་ཀྱི“གལ་ཆེན་གཉིས”ཀྱི་འཛུགས་སྐྲུན་ལག་བསྟར་ཇུས་གཞིའི་ནང་བཅུག་ནས། ཞིང་ཆུ་འདྲེན་ཁུལ་ཆེ་གྲས་15གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆུ་འདྲེན་ཁུལ་གྱི་རྒྱ་ཁྱོན་མུའུ་ཁྲི་1130ཇུས་འགོད་བྱས་པ། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་145ཡི་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་པ་དེ་ལེགས་གྲུབ་ཟིན་རྗེས་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་2000ཙམ་གསར་དུ་སླར་གསོ་དང་ལེགས་བཅོས་ཐུབ་རྒྱུ། གཙོ་གནད་ས་ཁོངས་70ཡི་ཞོད་འབུད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། མིག་སྔའི་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར་10.86ཟིན་པ་དང་དེས་རྒྱལ་ཡོངས་རྨོ་ཞིང་གི་56%བཟུང་ནས་རྒྱལ་ཡོངས་ཀྱི་80%ཡན་གྱི་འབྲུ་རིགས་ཐོན་སྐྱེད་ཐུབ་པའི་ནང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་མུའུ་རེའི་ཆ་སྙོམས་ཐོན་ཚད་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་མུའུ་རེའི་ཐོན་ཚད་ཀྱི་ལྡབ་1.5ནས་ལྡབ་2བར་ཡིན་པ་དང་ཆར་ཆུར་བརྟེན་པའི་རྨོ་ཞིང་གི་ལྡབ་2.5ནས་ལྡབ་3བར་ཡིན་པ་རེད།

    མིག་སྔའི་བར། རྒྱལ་ཡོངས་ཀྱི་ཆུ་གྲོན་ཆུང་གི་ཆུ་འདྲེན་ལས་གྲྭའི་རྒྱ་ཁྱོན་མུའུ་དུང་ཕྱུར་6.38ཟིན་པ་དེ། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་12.5%འཕར་བའི་ནང་ཐིགས་ཆུ་དང་ཐོར་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་དུང་ཕྱུར་1ལས་བརྒལ་བ་དང་། རྨོ་ཞིང་གི་ཆུ་འདྲེན་མུའུ་རེར་ཆ་སྙོམས་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་342བར་ཆག་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་4%ཆག་ཡོད། ཞིང་ལས་ཆུ་སྤྱོད་བརྟན་པོ་རྒྱུན་འཁྱོངས་ཐུབ་པའི་གནས་ཚུལ་འོག ཆུ་འདྲེན་རྒྱ་ཁྱོན་དང་འབྲུ་རིགས་ཐོན་འབབ་གཉིས་ཀ་བརྟན་པོའི་ངང་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།