ཀྲུང་གོའི་ཁང་ནང་གངས་ཤུད་ཐང་གི་འཕེལ་རྒྱས་རྣམ་པ་ལེགས་པ།
འདི་ནི་ཧོ་པེ་ཀྲེང་ཏིང་རྫོང་གི་ཁང་ནང་གངས་ཤུད་ཐང་ཞིག་ཏུ་ཡུལ་སྐོར་བས་གངས་ཤུད་གློད་བཞིན་པ། ལེང་ཙི་ཏུང་གིས་པར་བརྒྱབ(མི་དམངས་མཐོང་ཚོར)
ཉེ་དུས་སྤེལ་བའི་ལས་རིཌ་ཀྱི་ལོ་འཁོར་མོའི་བརྟག་དཔྱད་སྙན་ཞུ་ཞིག་ལས། ཀྲུང་གོའི་གངས་ཤུད་ཐོན་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་ནས་གངས་ཤུད་གློད་མཁན་མི་ཐེངས་འཕར་ཚད་མྱུར་བས། ཁང་ནང་གངས་ཤུད་ཐང་ཡང་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་པ་མངོན་ཡོད།
བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་4ཚེས་30ཉིན་བར། ཀྲུང་གོའི་རྒྱལ་ནང་གངས་ཤུད་ཐང་དུ་གངས་ཤུད་གློད་མཁན་མི་ཐེངས་དུས་མཚུངས་ལས་13%ཙམ་འཕར་བ་དང་། དེའི་ནང་ཁང་ནང་གངས་ཤུད་ཐང་གི་འཕེལ་རྒྱས་རྣམ་པ་ཧ་ཅང་ཡག་པོ་ཡོད་པ་དང་། གངས་ཤུད་གློད་མཁན་མི་ཐེངས་དུས་མཚུངས་ལས་15%འཕར་ཡོད་པ་རེད།
འཕར་ཚད་ནས་བལྟས་ན། ཁང་ནང་གངས་ཤུད་ཐང་གི་གྲངས་འབོར་འཕར་ཚད་མངོན་གསལ་དོད་པོ་ཡོད་ཅིང་། གངས་ཤུད་གློད་སའི་རྒྱ་ཁྱོན་ཆེ་ཆུང་ལྟར་བང་རིམ་བསྒྲིགས་ན། གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་ཁང་ནང་གངས་ཤུད་ཐང་བཅུ་ཡི་ནང་ཀྲུང་གོའི་གངས་ཤུད་ཐང་བདུན་ཚུད་ཡོད་པ་རེད།
ཀྲུང་གོའི་ཁང་ནང་གངས་ཤུད་ཐང་གི་འཕར་ཚུལ་དང་གོ་ལ་ཧྲིལ་པོའི་ཁང་ནང་གངས་ཤུད་ལས་རིགས་ཀྱི་སྤྱི་ཡོངས་འཕེལ་ཕྱོགས་གཅིག་མཚུངས་ཡིན་པ་རེད།
—— ཨ་རིའི《ཧྥུའུ་པུའུ་སི》དུས་དེབ་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།