པར་ཙིར་དང་ཀྲུང་གོའི་ཚོང་དོན་གྱིས་པར་ཙིར་ལ་ལས་ཞུགས་ལས་གནས་གསར་པ་བཏོད་པ།
པར་ཙིར་གྱི་སེ་ཨཱ་ལཱ་ཀྲོའུ་རུ་གནས་པའི་ཕེ་སེན་གྲུ་ཁ་ནི་པར་ཙིར་བྱང་ཤར་རྒྱུད་ཀྱི་ལས་བྲེལ་ཆེ་ཤོས་ཀྱི་གྲུ་ཁ་ཞིག་ཡིན་ཞིང་། ལོ་རེར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་2000ཙམ་ཟིན་གྱི་ཡོད། ད་ལོའི་ཟླ་བ་བཞི་པར་གྲུ་ཁ་འདིས་ཀྲུང་གོར་ཤར་བགྲོད་ཐུབ་པའི་མཚོ་ཐོག་ལམ་ཐིག་གསར་པ་ཞིག་བཏོད་པ་ནས་བཟུང་། ཀྲུང་གོ་དང་པར་ཙིར་གྱི་ཟོག་འགྲེམས་དུས་ཡུན་ཐུང་དུ་ཤུགས་ཆེན་ཕྱིན་ནས། པར་ཙིར་གྱི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཐེན་ཚུང་གིས་པར་བརྒྱབ)
པར་ཙིར་དང་ཀྲུང་གོའི་ཚོང་དོན་རོགས་ཟླའི་འབྲེལ་བས་པར་ཙིར་ལ་ལས་ཞུགས་ལས་གནས་འབོར་ཆེན་གཏོད་བཞིན་ཡོད་པ་རེད།
པར་ཀྲུང་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་དང་པར་ཙིར་འཕེལ་རྒྱས་དང་། བཟོ་ལས། ཚོང་དོན། ཞབས་ཞུ་བཅས་པུའུ་ཡིས་མཉམ་དུ་ཡོངས་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ《པར་ཙིར་དང་ཀྲུང་གོའི་ཚོང་དོན་དང་སྤྱི་ཚོཌ་དཔལ་འབྱོར་གྱི་དབྱེ་ཞིབ》ལ་གཞིགས་ན། 2008ལོ་ནས་2022ལོའི་བར། པར་ཙིར་དང་ཀྲུང་གོ་དབར་གྱི་ཕྱིར་གཏོང་འབྲེལ་ཡོད་ལས་ཞུགས་ལས་གནས་62%འཕར་ནས། པར་ཙིར་དང་ཨ་རི་དབར་གྱི(32.3%)དང་། ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་དབར་གྱི(25.1%) ཡོ་རོབ་མནའ་འབྲེལ་དབར་གྱི(22.8%) མེ་གླིང་ལྷོ་མའི་རྒྱལ་ཁབ་གཞན་དག་དབར་གྱི(17.4%)
སོགས་ཚོང་དོན་རོགས་ཟླར་ཕྱིར་གཏོང་གི་འབྲེལ་ཡོད་ལས་ཞུགས་ལས་གནས་འཕར་ཚད་ལས་བརྒལ་ཡོད་པ་རེད།
དེ་དང་དུས་མཚུངས་པར་ཙིར་དང་ཀྲུང་གོ་དབར་གྱི་ནང་འདྲེན་འབྲེལ་ཡོད་དངོས་གཞིའི་ལས་ཞུཌ་ལས་གནས་55.4%འཕར་ནས། པར་ཙིར་དང་མེ་གླིང་ལྷོ་མ་དབར་གྱི(21.7%)དང་། ཡོ་རོབ་མནའ་འབྲེལ་དབར་གྱི(21%) ཨ་རི་དབར་གྱི(8.7%) ལྷོ་ཕྱོགས་ཐུན་མོང་ཁྲོམ་ར་དབར་གྱི(0.3%)སོགས་ཚོང་དོན་རོགས་ཟླའི་འབྲེལ་བའི་ནང་འདྲེན་དང་འབྲེལ་ཡོད་ཀྱི་དངོས་གཞིའི་ལས་ཞུགས་ལས་གནས་ཀྱི་འཕར་ཚད་ལས་བརྒལ་ཡོད་པ་རེད།
—— པར་ཙིར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།