ཀྲུང་གོའི་སྐུ་ཚབ་ཚོགས་པ་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་ངོ་30འཁོར་བར་དྲན་གསོ་ཞུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་ཚོགས་འདུར་ཞུགས་པ།
ཉེ་ཆར། པེ་ཅིང་འཛམ་གླིང་བུད་མེད་ཚོཌ་ཆེན་འཚོཌ་ནས་ལོ་ངོ་30འཁོར་བར་དྲན་གསོ་ཞུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་ཚོགས་འདུ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པ་དང་། བརྗོད་དོན་གཙོ་བོ་ནི“《པེ་ཅིང་གི་བསྒྲགས་གཏམ》དང《བྱ་སྤྱོད་ཀྱི་རྩ་འཛིན》མགྱོཌ་མྱུར་དོན་འཁྱོལ་བྱས་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ལ་མཐུན་རྐྱེན་སྦྱོར་བ་མངོན་འགྱུར་བྱེད་དགོས”ཞེས་པ་དེ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧོང་ཞའོ་ཝུའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་མགྲོན་བདག་རྒྱལ་ཁབ་ཀྱི་འཐུས་མིའི་ངོས་ནས་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་80པའི་ཀྲུའུ་ཞི་པེར་པོ་ཁེ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིའི་རྗེས་ཀྱི་གཏམ་བཤད་སྤེལ་མཁན་གསུམ་པར་གྱུར་པ་མ་ཟད། ཚོགས་འདུའི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་པཱ་ཧུའུ་སི་དང་གྲོས་མོལ་ཡང་བྱས་པ་རེད།
ཧོང་ཞའོ་ཝུའེ་ཡིས་མིག་སྔའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་གལ་འགངས་ཆེ་བའི་མཚམས་སུ་གནས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་སྟེ། བདག་དབང་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་རྒྱུ་དར་སྤེལ། བྱ་སྤྱོད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བཅས་བྱེད་པའི་འདོད་ཚུལ་བཟུང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཅོས་སྐྱོང་གི་དཀའ་གནད་སེལ་བར་ཁྲིད་སྟོན་གནང་བ་དེ་དུས་དང་ཏག་ཏག་ཁེལ་བ་ཞིག་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།