ཀྲུང་ཆའི་ཀྲུང་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་གསོ་སྦྱོང་ལྟེ་གནས་ཆ་ཏེར་སྒོ་བྱང་བཀལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡ་དབུན་ཏེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཨིན་ཅ་མེ་ན་ནས་གནས་ཚུལ་སྤེལ་བར། ཀྲུང་ཆའི་ཀྲུང་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་ཉིན་ཤས་གོང་ཆ་ཏེའི་རྒྱལ་ས་ཨིན་ཅ་མེ་ནའི་ཀྲུང་ཆའི་མཛའ་གྲོགས་སྨན་ཁང་དུ་འཚོགས་པ་རེད། ཆ་ཏེ་ཕྱོགས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཁྲོད་ཀྱི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཚད་མཐོའི་གདེང་འཇོག་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེར་ཁྱབ་ཁོངས་དེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།