སི་ཁྲོན་རྔ་པར་ཁ་གཏད་རོགས་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
འདི་ནི་ཟླ་9ཚེས་22ཉིན་པར་བརྒྱབ་པའི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་སློབ་འབྲིང་གཉིས་པ་ཡིན་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་འོག་སློབ་གྲྭ་དེས་མཁྲེགས་ཆས་སྒྲིག་བཀོད་གཙོ་གནད་ཐོག་ལེགས་སུ་བཏང་ཡོད།
འདི་ནི་ཟླ་9ཚེས་24ཉིན། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཀྲེ་ཁྲོན་ཤར་ནུབ་མཉམ་སྒྲུབ་ཁ་གཏད་རོགས་སྐྱོར་ཟུང་ཆུ་ཐོན་ལས་གླིང་དུ། ཟུང་ཆུ་རྫོང་དོན་གྲུབ་མེ་ཏོག་བཟའ་བཅའ་ལས་སྣོན་ཚད་ཡོད་ཀུང་སིའི་ལས་མིས་ཚགས་ཤ་སྐམ་པོ་ཐུམ་སྒྲིལ་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་གྱིས་རྔ་པ་ཀྲོའུ་རུ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་སྐབས། རོགས་སྐྲུན་མ་དངུལ་རྣམ་གྲངས་དམངས་འཚོ་དང་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་བཏང་ཞིང་། བསྡོམས་རྩིས་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། ཀྲེ་ཅང་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་རྔ་པ་ཀྲོའུ་ལ་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་33.73བཏང་ནས། རྣམ་གྲངས་ཁག་819ལག་ལེན་བསྟར་བ་དང་། རིམ་རྩིས་བརྒྱབ་ན་ལས་བྱེད་པ་62དང་རིགས་ཁག་གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་784མངགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།