བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ལྷ་སར་གཉེར་བ།
ཚེས་25ཉིན། བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ལྷ་སར་བདེ་བླག་ངང་གཉེར་བ་རེད།
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་བརྗོད་དོན་གཙོ་བོའི་གླེང་སྟེགས་ལ་ཞུགས་པ་དང་འབྲེལ་བརྗོད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་པོ་དང་གཉིས་པ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཝུན་ཀེ་དང་། ཀྲུའུ་ཧྲོའུ་ཁོ། བཀྲ་ཤིས་ཟླ་བ་བཅས་བརྗོད་དོན་གཙོ་བོའི་གླེང་སྟེགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་དང་དེ་བཞིན་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་བཅས་ཁྱོན་མི་400ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
གླེང་སྟེགས་ཐོག་ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་སྐུ་མགྲོན་འཐུས་མི་29ཡིས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ“བློ་སྒྲིལ་སེམས་སྐྱེད། མཐུན་སྒྲིལ་ཡར་བརྩོན”ལ་དམིགས་ནས། རང་སོ་སོའི་རིག་གཞུང་ཞིབ་འཇུག་ཁྱབ་ཁོངས་དང་ལས་ཀའི་ལག་ལེན་དང་ཟུང་འབྲེལ་གྱིས་སྤེལ་རེས་བགྲོ་གླེང་གཏིང་ཟབ་བྱས་ཏེ། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་གནང་བ་རེད།
ཚོགས་ཞུགས་མི་སྣས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་བླང་བྱ་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱེད་པར་ངེས་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རྨང་གཞིའི་རང་བཞིན་གྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་རྒྱུན་ཆད་མེད་པར་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་བཞིན་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་པ། སྡེ་ཚན་ཁག་གིས་ཤུགས་སྒྲིལ་མཉམ་ལས། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབྲས་ལེགས་གཉེར་ཡོང་བར་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཐོན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།