དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔེ་བསུང་ཕྱོགས་བཅུར་འཐུལ། མཐུན་སྒྲིལ་དཔལ་ངོ་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-26

    ཟླ་9ཚེས་25ཉིན། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང(རྩོམ་སྒྱུར་ཅུས)གིས་གཙོ་གཉེར་དང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཨུ་ལྷན་དང་རྫོང་སྲིད་གཞུང་གིས་སྒྲུབ་གཉེར་བྱས་པའི“དཔེ་བསུང་ཕྱོགས་བཅུར་འཐུལ། མཐུན་སྒྲིལ་དཔལ་ངོ་རྒྱས”ཞེས་པའི་སྐྱོད་པ་དྲུག་གི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན་ད་ཐེངས་ཀྱི་བྱེད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང(རྩོམ་སྒྱུར་ཅུས)གིས་ཉེ་བའི་ལོ་གསུམ་རིང་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ》དང《སྤྱི་སྐད་བརྗོད་པ་ལྔ་བརྒྱ》《རྒྱ་བོད་བརྡ་ཆད་གསར་པ་ཕྱོགས་བསྒྲིགས》《བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་སློབ་སྦྱོང་ལག་དེབ》《སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དཔྱད་ཡིག》སོགས་དཔེ་དེབ་ཁག་བཅུ་གཉིས་ལྷུན་གྲུབ་རྫོང་གི་ཤང་དང་གྲོང་རྡལ། ཚན་པ། སྡེ་ཁུལ། སློབ་གྲྭ དམག་དཔུང་། དགོན་སྡེ་བཅས་ཁག་དྲུག་ལ་སྤྲད་ཡོད།

    ཚོགས་འདུའི་ཐོག་ད་ཐེངས་ཀྱི་བྱེད་སྒོས་རྒྱ་བོད་སྐད་ཡིག་གཉིས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།