མཚོ་སྔོན་མཚོ་ལྷོ་ཀྲོའུ་ཡི“གློག་རྩྭ་གསབ་རེས”ལས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྟར་གྱི་ཟླ་བ་དྲུག་པ་ནས་བཅུ་པའི་བར། བཏུལ་ཐང་ཉེ་འཁོར་གྱི་འབྲོག་པའི་ལུག་ཁྱུ་འོད་ཤུགས་ཐོན་ལས་གླིང་ཁུལ་དུ་རིན་མེད་ངང་གློད་ཆོག འབྲོག་པ་ཚོས་ལུག་རྩྭ་བཟའ་བར་འདེད་ཆོག་གི་ཡོད་ལ། རྩྭ་ལྷག་མ་བརྔས་ཏེ་དགུན་དུས་གཟན་རྩྭར་ཡང་སྤྱོད་ཆོག་གི་ཡོད། ཐུན་མིན་གྱི“གློག་རྩྭ་གསབ་རེས”བྱེད་སྟངས་དེས་གླིང་ཁུལ་གྱི་རྩྭ་གཙང་སེལ་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་སྟེ་ཁེ་ལས་ཀྱི་དོ་དམ་གྱི་མ་གནས་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཆུང་དུ་ཕྱིན་པ་མ་ཟད། འབྲོག་པ་ཚོར་གཟན་རྩྭའི་འགྲོ་གྲོན་གྲོན་ཆུང་ཐུབ་ནས་ལུག་ཁྱུ་གསོན་ཚད་ཀྱང་ཆེ་རུ་ཕྱིན་ཡོད།
འདི་ནི་ཟླ་9ཚེས་18ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་བཏུལ་ཐང་འོད་ཤུགས་ཐོན་ལས་གླིང་དུ་ལུག་ཁྱུས་འོད་གསོག་ཤེལ་སྒྲོམ་འོག་རྩྭ་ཟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།