དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་གྱི་དམངས་འཚོའི་དཔལ་འབྱོར་སྤྱིའི་ ཆར་བརྟན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་9ཚེས་22ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་གྱི་དམངས་འཚོའི་དཔལ་འབྱོར་སྤྱིའི་ཆར་འཁོར་རྒྱུག་བརྟན་པོ་བྱུང་ནས་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་ཆག་པ་དང་། བཟོ་ལས་ཐོན་སྐྱེད་པའི་རིན་གོང་ཆག་ཚད་ཆུང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྟན་པོ་བྱུང་ཡོད།

    ཟླ་བ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མའི་དུས་མཚུངས་ལས་0.1%ཆག་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་གཅིག་མཚུངས་ཡིན་པ་རེད། ཟླ་བརྒྱད་པར་མཚོ་སྔོན་གྱི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)དུས་མཚུངས་ལས་0.4%ཆག་པ་དེ་ཟླ་གོང་མ་དང་བསྡུར་ན་0.1%འཕར་ཡོད། རིགས་དབྱེ་ནས་བལྟས་ན། ཟླ་བརྒྱད་པར་CPIཡིས་བརྟག་དཔྱད་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་རིགས་ཆེན་པོ་བརྒྱད་ཀྱི་རིན་གོང་དུས་མཚུངས་ལས“དྲུག་འཕར་གཉིས་ཆག”བྱུང་ཡོད།

    ཟླ་བ་དང་པོ་ནས་བརྒྱད་པའི་བར་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་ལོ་གོང་མའི་དུས་མཚུངས་ལས་2.6%ཆག་པ་དང་བཟོ་ལས་ཐོན་སྐྱེད་པའི་ཉོ་སྒྲུབ་རིན་གོང་1.8%ཆག་ཡོད། ཟླ་བརྒྱད་པར། མཚོ་སྔོན་གྱི་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང(PPI)ཟླ་གོང་མ་དང་བསྡུར་ན་0.1%ཆག་པ་ནས་1.0%འཕར་བར་གྱུར་པ་དང་། དུས་མཚུངས་ལས་0.4%ཆག་ནས་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་3.1ཆུང་དུ་ཕྱིན་ཡོད། བཟོ་ལས་ཐོན་སྐྱེད་པའི་ཉོ་སྒྲུབ་རིན་གོང(IPI)ཟླ་གོང་མ་དང་བསྡུར་ན་1.5%ཆག་པ་ནས་1.4%འཕར་བར་གྱུར་པ་དང་། དུས་མཚུངས་ལས་2.8%ཆག་ནས་ཆག་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.6ཆུང་དུ་ཕྱིན་ཡོད།

    ཟླ་བ་དང་པོ་ནས་བརྒྱད་པའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི་ཆ་སྙོམས་གྲངས་ཐང་5.4%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1འཕར་བ་དང་། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་ཐང་ལས་བརྒྱ་ཆའི་གྲངས་0.2ཀྱིས་མཐོ་བ་ཡོད། ཟླ་བར་དབྱེ་ནས་བལྟས་ན། ཟླ་སོ་སོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་5.6%དང་། 5.9% 5.7% 5.3% 5.0% 5.0% 5.3% 5.5%བཅས་སོ་སོར་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།