དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཆ་འཕྲིན་འཕྲིན་གཏོང་གི་འགྲེམས་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-26

    2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཆ་འཕྲིན་འཕྲིན་གཏོང་གི་འགྲེམས་སྟོན་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲེམས་ཚོགས་ཀྱི་དུས་ཡུན་ཉིན་3ཡིན་ཞིང་།“གྲངས་དངོས་མཉམ་དུ་འདྲེས་པའི་སྒུལ་ཤུགས་གསར། འབྱུང་འགྱུར་རིག་པས་འབྱེད་པའི་སྒུལ་ནུས་གསར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། ཆ་འཕྲིན་འཕྲིན་གཏོང་ཁྱབ་ཁོངས་ཀྱི་ལག་རྩལ་གསར་ཤོས་དང་། གསར་གཏོད་བེད་སྤྱོད། དེ་བཞིན་ཐོན་ལས་མཉམ་འདྲེས་བཅས་ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། ལག་རྩལ་གསར་གཏོད། མཉམ་འདྲེས་བེད་སྤྱོད། སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ལག་ལེན་དང་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། “སྲིད་ཐོན་སློབ་ཞིབ་སྤྱོད་ལྔ”མཐུན་སྦྱོར་གསར་གཏོད་ཀྱི་ལས་སྟེགས་སྐྲུན་པ། ལས་རིགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཐབས་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱ་རྒྱུ་རེད།

    འདི་ནི་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཆ་འཕྲིན་འཕྲིན་གཏོང་གི་འགྲེམས་སྟོན་ལ་ལས་དོན་པས་དམའ་དབྱིངས་འཕྲིན་གཏོང་མ་ལག་ངོ་སྤྲོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།